རྒྱ་ནག་སྲིད་བློན་ཟི་ཁྲོན་ཞིང་ཆེན་དང་ལྦེན་ཁྲོན་དུ་འཚམས་འདྲི།

རྒྱ་ནག་གི་སྲིད་བློན་ན་ནིང་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་འཚོ་གནས་ཐུབ་པའི་མི་དམངས་ཚོར་རྒྱ་མིའི་ལོ་གསར་ལ་འཚམས་འདྲིར་བསྐྱོད་འདུག

2009.01.25

༄༅༎རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ན་ནིང་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེའི་ནང་འཚོ་གནས་ཐུབ་པའི་མི་དམངས་ཚོར་རྒྱ་མིའི་ལོ་གསར་ལ་འཚམས་འདྲིར་བསྐྱོད་དེ་ལོ་གསར་གྱི་གནམ་གང་ཉིན་ལྦེན་ཁྲོན་ས་ཡོམ་གྱི་གོད་ཆགས་ནས་འཚོ་གནས་ཐུབ་པའི་མི་དམངས་དང་ལྷན་དུ་དུས་ཚོད་གཏང་རྒྱུ་ཡིན་པ་རེད།

ན་ནིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་འགུལ་ཚད་བདུན་དང་ཚགས་དགུ་བརྒྱབ་སྟེ་ཁྱོན་མི་དམངས་ཁྲི་བདུན་ཙམ་རྐྱེན་ལམ་དུ་ཕྱིན་པ་དང་གཅིག་ཁྲི་བརྒྱད་སྟོང་ཙམ་ཤི་སོན་གང་ཡིན་རྙེད་སོན་མ་བྱུང་བའི་གོད་ཆགས་ཆེན་པོ་བྱུང་བའི་ནང་ནས་ལྦེན་ཁྲོན་ཞེས་པའི་ས་གནས་དེ་ནི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཤོས་བྱུང་ཡུལ་ཞིག་ཡིན་ཞིང་ལྦེན་ཅ་པའོ་ད་རེས་ས་གནས་དེའི་ནང་གི་ས་ཡོམ་གནོད་འཚེའི་འོག་ནས་ཉེན་སྐྱོབ་ཐུབ་པའི་མི་དམངས་ཚོར་ལོ་གསར་གྱི་གནམ་གང་ཉིན་འཚམས་འདྲི་བྱས་ཏེ་སྡོད་རྒྱུའི་འཆར་གཞི་ཡོད་པ་ལྟར་དེ་རིང་ལོ་གསར་གྱི་སྔ་ནུབ་ཏུ་ཏེ་དབྱངས་གྲོང་ཁྱེར་སྨན་ཁང་དུ་ས་ཡོམ་གྱི་གནོད་འཚེའི་འོག་རྨས་སྐྱོན་ཕོག་སྟེ་སྨན་བཅོས་བྱེད་བཞིན་པའི་ནད་པ་ཚོ་ཐུགས་འཕྲད་དུ་བསྐྱོད་དེ་ཁོང་ཚོར་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་བྱས་ཡོད་པ་རེད། དེ་རིང་རྒྱ་ནག་ནང་ལོ་གསར་གཏོང་བར་ཁྱིམ་ཚང་དུ་གུང་གསེང་དུ་འགྲོ་མཁན་རི་ལིའི་བབས་ཚུགས་སུ་མི་ཚོགས་ཀྱིས་ཚང་ཁས་ཁེངས་བཞིན་ཡོད་པ་དང་རྒྱ་ནག་གི་འགྲིམས་འགྲུལ་བློན་ཆེན་གྱིས་རེས་གཟའ་སྤེན་པའི་ཉིན་འགྲིམས་འགྲུལ་གྱི་སྤ་སེ་ཉོ་མཁན་མི་དམངས་ས་ཡ་དྲུག་ཅུ་རེ་གསུམ་དང་ཚགས་བཞི་བྱུང་ཡོད་པའི་བསྡོམས་རྩིས་ཤིག་བཏོན་ཏེ་ཁོང་ཚོས་ཟླ་བ་འདིའི་ཕྱི་ཚེས་བཅུ་གཅིག་ནས་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཙམ་བར་དུ་འགྲིམས་འགྲུལ་གྱི་ནམ་དུས་སྒང་འཁེལ་བ་དེའི་རིང་ལ་འགྲིམས་འགྲུལ་བྱེད་མཁན་རྒྱ་ནག་མི་དམངས་ཐེར་འབུམ་གཉིས་ལྷག་ཡོང་རྒྱུ་ཡིན་པའི་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎