རྒྱ་གར་ནས་མའོ་གྱེན་ལོག་པར་མགོ་བཏགས་ཞུ་མིར་གུན་གསབ།

རྒྱ་གར་གྱི་ནུབ་སྦེང་གོལ་མངའ་སྡེ་གཞུང་གིས་མའོ་ལྟ་སྤྱོད་འཛིན་པའི་གྱེན་ལོག་པ་ཚོས་མགོ་བཏགས་ཞུས་ཚེ་མ་དངུལ་གུན་གསབ་སྤྲོད་འཆར།

2010.07.29

༄༅༎རྒྱ་གར་གྱི་ནུབ་སྦེང་གོལ་མངའ་སྡེ་གཞུང་གིས་མངའ་སྡེ་དེའི་ནང་Naxalliteའམ་མའོ་ལྟ་སྤྱོད་འཛིན་པའི་གྱེན་ལོག་ཤོག་ཁག་ཚོས་དྲག་ལས་ཀྱི་འཐབ་རྒོལ་མཚམས་འཇོག་ཡོང་སླད་ གྱེན་ལོག་པ་ཚོས་གོ་མཚོན་རྩིས་སྤྲོད་དང་མགོ་བཏགས་ཞུ་ཚེ་ མངའ་སྡེ་གཞུང་ནས་མི་རེར་ཨ་སྒོར་༢༠༠༠ལྷག་ཙམ་འམ་རྒྱ་གར་གྱི་ཤོག་སྒོར་ཆིག་འབུམ་ཙམ་གྱི་མ་དངུལ་གུན་གསབ་སྤྲོད་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ་རེད་༎

དེ་ཡང་རེས་གཟའ་ཕུར་བུའི་ཉིན་ནུབ་སྦེང་གོལ་མངའ་སྡེ་ཉེན་རྟོག་སྤྱི་ཁྱབ་པ་སུ་ར་ཇིཏ་ཀོར་ཞུ་བས་ཕེརན་སི་གསར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་དོན་དུ་ ང་ཚོའི་ངོས་ནས་ མའོ་ལྟ་སྤྱོད་འཛིན་པའི་Naxalliteགྱེན་ལོག་ཤོག་ཁག་ཚོར་དམག་འཐབ་ཀྱི་གདོངས་ལེན་མུ་མཐུད་བྱ་རྒྱུ་ཡིན་ ཡིན་ཡང་མའོ་ཤོག་ཁག་ནང་གཞུང་ལ་མགོ་བཏགས་ཞུ་འདོད་ཡོད་པ་ཡང་མང་པོ་ཡོད་པ་རེད་ དེ་ཚོར་ང་ཚོས་མགོ་བཏགས་ཞུ་རྒྱུའི་གོ་སྐབས་སྤྲོད་རྒྱུ་ཡིན་ལ་གལ་སྲིད་མགོ་བཏགས་ཞུས་ཚེ་མངའ་སྡེ་གཞུང་ནས་ཁོ་ཚོའི་བདེ་སྡུག་ལ་ལྟ་སྐྱོང་བྱ་རྒྱུ་ཡིན་ཞེས་གསལ་འདོན་བྱས་འདུག རྒྱ་གར་ནང་མའོ་ལྟ་སྤྱོད་འཛིན་པའི་གྱེན་ལོག་གི་ལས་འགུལ་དེ་༡༩༦༧ལོར་ས་ཞིང་མེད་པའི་ཉམ་ཐག་མི་མང་ཚོས་ཐོབ་ཐང་རྩོད་ལེན་ཆེད་ རྒྱ་གར་གྱི་ནུབ་སྦེང་གོལ་མངའ་སྡེ་ནང་ཐོག་མར་འགོ་འཛུགས་བྱུང་ཡོད་པ་དང་ དེ་ནས་མངའ་སྡེ་གཞན་ལ་རིམ་བཞིན་ཁྱབ་སྤེལ་སོང་སྟེ་ ད་ཆ་གྱེན་ལངས་ཀྱི་ལས་འགུལ་འདི་རྒྱ་གར་གྱི་མངའ་སྡེ་༢༩ནང་ནས་མངའ་སྡེ་༢༠འི་ནང་ཁྱབ་ཡོད་ལ་ རྒྱ་གར་ནང་བདེ་འཇགས་ཀྱི་ཐད་ནས་མའོ་ཤོག་ཁག་གི་གྱེན་ལོག་གི་ལས་འགུལ་འདི་ཉེན་ཚབ་ཆེ་ཤོས་ཤིག་ཡིན་པར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གིས་ཀྱང་ངོས་འཛིན་གསལ་བསྒྲགས་བྱས་ཡོད་པ་རེད་ མའོ་གྱེན་ལོག་ཤོག་ཁག་ཚོས་དྲག་ལས་མཚམས་འཇོག་དང་གཞུང་ལ་མགོ་བཏགས་ཞུ་སླད་ ད་རེས་ནུབ་སྦེང་གོལ་མངའ་སྡེ་གཞུང་གི་མ་དངུལ་དང་རོགས་སྐྱོབས་ཀྱི་གུན་གསབ་སྤྲོད་རྒྱུའི་འཆར་གཞི་གསལ་འདོན་གནང་པ་བཞིན་ དེ་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་ཨན་རྡར་པཱར་རྡེཤ་དང་ཤར་ཕྱོགས་ཀྱི་ཆ་ཏིསི་གར་མངའ་སྡེ་གཉིས་ནས་ཀྱང་གཅིག་མཚུངས་ཀྱི་ལས་དོན་གསལ་བསྒྲགས་བྱས་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎