གྲན་ཧྲོའོ་བན་གྱི་བཟའ་ཟླ་བཙོན་ཁང་ནས་སྨན་ཁང་དུ་བཏང་བ།
2011.02.19
༄༅༎ཐེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱིས་སྲིད་འཛིན་གྱི་དབང་ཆ་འཛིན་པའི་རིང་དཔལ་འབྱོར་ལྐོག་ཟའི་གནད་དོན་གྱིས་བཙོན་འཇུག་བྱེད་མུས་ཡིན་པ་དང་། ཁོང་གི་བཟའ་ཟླ་ལྦུའུ་ཧྲུའུ་ཀྲན་ཡང་ལྐོག་ཟའི་གནད་དོན་དང་འབྲེལ་བ་ཡོད་སྟབས་ བཙོན་འཇུག་ལོ་བཅུ་བདུན་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་ཀྱང་ གཟའ་པ་སངས་ཉིན་སྨན་ཁང་གི་ཁོ་མོའི་གཟུགས་གཞིའི་གནས་སྟངས་བཙོན་ཁང་ནང་བཙོན་འཇུག་བྱ་ཐབས་མེད་པ་བརྗོད་པའི་རྗེས་ ཀའོ་ཞུང་ཆེད་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ནས་དེ་རིང་ཁོང་གི་གཟུགས་གཞིའི་མི་བདེ་བའི་གནས་སྟངས་ཀྱིས་རྐྱེན་པས་བཙོན་འཇུག་བྱེད་འམ་ཡང་ན་སྨན་ཁང་གི་བཙོན་ཁང་དུ་བཙོན་འཇུག་བྱེད་མིན་ཁོ་མོའི་གཟུགས་གཞིའི་གནས་སྟངས་ལ་བལྟས་ནས་ཐག་གཅོད་བྱ་རྒྱུ་ཡིན་ལུགས་གསུང་འདུག ལྦུའུ་ཧྲུའུ་ཀྲན་སྨན་ཁང་དུ་བརྟག་དཔྱད་བྱས་པའི་རྗེས་ ཀའོ་ཞུང་དུ་ཡོད་པའི་རང་ཁྱིམ་དུ་ཕྱིར་ལོག་བཏང་ཡོད་པ་དང་ ཡིན་ནའི་གལ་སྲིད་གྲོང་ཁྱེར་གྱི་ཕྱིར་བསྐྱོད་དགོས་ཚེ་ངེས་པར་དུ་ས་གནས་ཉེན་རྟོག་པར་སྙན་སེང་ཞུ་དགོས་ཀྱི་ཡོད་པ་ཀའོ་ཞུང་ས་གནས་ཁྲིམས་དཔོན་གྱིས་གསུང་འདུག།