བེུད་ཀྱི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་རྔམ་སྟོན་ངོ་རྒོལ།

ལྷོ་ཨེ་ཤི་ཡའི་ནང་སྐྱེས་པ་ཚོས་བུད་མེད་ལ་བསྙས་བཅོས་དང༌བཙན་གཡེམ་བྱེད་པ་སོགས་ལ་བེུད་ཚོས་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ།

2011.03.01

༄༅༎ལྷོ་ཨེ་ཤི་ཡའི་ཡུལ་གྲུའི་ནང་སྐྱེས་པ་ཚོས་བུད་མེད་ལ་བསྙས་བཅོས་དང༌། བཙན་གཡེམ་བྱེད་པ་སོགས་སྐྱེས་པ་ཚོའི་ཚུལ་མཐུན་མ་ཡིན་པའི་བྱ་སྤྱོད་དེ་དག་མཚམས་འཇོག་བྱ་དགོས་ཞེས་བེུད་ཚོས་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

ལྷོ་ཨེ་ཤི་ཡའི་ཡུལ་གྲུ་རྒྱ་གར་དང་སྦང་ལ་རྡེཤ་ནང་སྐྱེས་པ་ཚོས་བེུད་ལ་བསྙས་བཅོས་ཀྱིས་མི་བདེ་བཟོ་བའི་བྱ་སྤྱོད་ཧ་ཅང་གི་རྒྱ་ཁྱབ་ཆེན་པོ་ཡིན་པ་མ་ཟད། གནས་ཚུལ་དེ་རིགས་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ཐོན་པ་རྒྱུན་ལྡན་དང་ཉེན་རྟོག་པར་མཚོན་ན་མི་ལོ་བཅུ་ཕྲག་མང་པོ་ནས་ཡོང་བཞིན་པའི་གནས་ཚུལ་ཞིག་ཡིན་ཞིང༌། ད་དུང་ཁྱིམ་མཚེས་བལ་ཡུལ་དང་པ་ཀི་སི་ཐན་ནང་དུའང་ཆེ་ཆུང་ལ་མ་ལྟོས་པའི་གནས་ཚུལ་དེ་རིགས་ཁྱབ་འཕེལ་ཕྱིན་ཡོད་པ་རེད།

སྦང་ལ་རྡེཤ་ས་གནས་ཀྱི་བེུད་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་གསུང་ན། སྦང་ལ་རྡེཤ་ནང་བེུད་ལ་གང་བྱུང་གི་བཙན་གཡེམ་བྱེད་པའི་བྱ་སྤྱོད་སོགས་ལ་ངོ་རྒོལ་བྱས་པའི་རྗེས། ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༡༡པའི་ནང་བེུད་༢༦དང། བོུ་གང་ཞིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་སྟེ་རང་སྲོག་བཅད་པ་དེའི་ཕ་དང༌། གཞན་ཡང་སྐྱེས་པ་༡༠ དང༌། བེུད་གཉིས་དམར་བསད་བཏང་ཡོད་པའི་སྐོར་གསུང་ཡོད་པ་རེད། སྐྱེས་པ་ཚོས་བེུད་ལ་བཙན་གཡེམ་བྱེད་པ་སོགས་བསྙས་བཅོས་ཀྱི་བྱ་སྤྱོད་དེ་ནི་ལྷོ་ཨེ་ཤི་ཡའི་ནང་གོམས་གཤིས་ལྟ་བུ་ཆགས་ཏེ་རྒྱུན་ལྡན་གྱི་གནས་ཚུལ་ལྟར་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ལ། དེ་སྔའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ནའང་། ཕྱི་ལོ་༡༩༥༠ང་གྲངས་དང་༦༠རེ་གྲངས་ནང་ལ་གནས་ཚུལ་དེ་རིགས་སྐོར་གསར་ཤོག་དང་དཔྱད་རྩོམ་མང་པོ་སྤེལ་མྱོང་ཡོད་ཞིག་ཡིན་པ་རེད། ཉེ་བའི་འཆར་རྒྱལ་སྤྱིའི་བེུད་ཞིབ་འཇུག་ལྟེ་གནས་ཁང་གིས་སྐྱེས་པ་ཚོར་བེུད་ལ་བསྙས་བཅོས་བྱ་སྤྱོད་དེའི་ཐོག་ལ་བསམ་བློ་ཇི་ལྟར་འཛིན་སྟངས་སྐོར་ཞིབ་འཇུག་ཞིག་བྱས་པའི་ནང༌། རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་ན་གཞོན་སྐྱེས་པ་ཆིག་སྟོང་ནང་གི་མང་ཆེ་བས་བེུད་ལ་བསྙས་བཅོས་ཀྱི་བྱ་སྤྱོད་དེ་ནི། གནོད་སྐྱོན་མེད་པ་དང༌། བེུད་ཚོར་ཕོག་ཐུག་འགྲོ་གི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎