བཙན་བྱོལ་བོད་གཞུང་གི་རྩིས་ཞིབ་ལས་དོན་གྱི་ཟབ་སྦྱོང༌།

བཙན་བྱོལ་བོད་གཞུང་གི་རྩིས་ཞིབ་ལས་ཁང་གིས་ཁྱབ་ཁོངས་ཡན་ལག་ཁག་གསུམ་གྱི་རྩིས་ཞིབ་པ་རྣམས་ལ་རྩིས་ཞིབ་ཀྱི་ལས་དོན་ཟབ་སྦྱོང་།

2011.02.08

༄༅༎བཙན་བྱོལ་བོད་གཞུང་གི་རྩིས་ཞིབ་ལས་ཁང་གིས་ཁྱབ་ཁོངས་ཡན་ལག་ཁག་གསུམ་གྱི་རྩིས་ཞིབ་པ་རྣམས་ལ་ཉིན་གྲངས་༡༢རིང་རྩིས་ཞིབ་ཀྱི་ལས་དོན་གཟབ་སྦྱོང་གནང་གི་ཡོད་པའི་སྐོར་ལ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

དེ་ཡང་བཙན་བྱོལ་བོད་གཞུང་རྩིས་ཞིབ་ལས་ཁང་གིས། བཙན་བྱོལ་བོད་གཞུང་གི་ལྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་གཉིས་པའི་ཚེས་༧ནས་རྩིས་ཞིབ་ཀྱི་གཟབ་སྦྱོང་དབུ་ཚུགས་གནང་སྟེ། ཕྱི་ཚེས་༡༩བར་མུ་མཐུད་གནང་རྒྱུ་ཡིན་པ་དང༌། གཟབ་སྦྱོང་ཉིན་དང་པོའི་སྔ་དྲོ་ཟབ་སྦྱོང་ནང་ཞུགས་མི་མི་གྲངས་༤༩་རྣམས་ཚང་འཛོམས་ཐོག་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་བཀའ་རྒྱུད་དོན་གྲུབ་ལགས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་བ་དང༌། དེ་རྗེས་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་དགོན་པོ་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་གི་ནང་དོན་ངོ་སྤྲོད་གནང་བའི་རྗེས། རྩིས་ཞིབ་ལས་ཁང་གི་འགན་འཛིན་ནས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དགོས་པ་དང་དམིགས་ཡུལ་སོགས་སྐོར་གསུང་བཤད་གནང་བའི་མཛད་སྒོ་ཁག་གྲུབ་པའི་རྗེས་ཟབ་སྦྱོང་ལས་དོན་དངོས་སུ་འགོ་བཙུགས་གནང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༢པའི་ཚེས་༧ནས་༡༢བར་ཉིན་དྲུག་རིང་ལ་རྩིས་ཞིབ་ལས་ཁང་གི་ལས་བྱེད་གསར་པ་དང༌། གཞོན་པ་མི་གྲངས་༣༠རྩིས་ཞིབ་ཀྱི་ལས་དོན་བྱ་ཕྱོགས་དང༌། ལྷག་པར་དུ་ཀམ་པིའུ་ཊར་ནང་རྩིས་ཕྲ་ཉར་ཚགས་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ཟབ་སྦྱོང་གནང་རྒྱུ་ཡིན་ཞིང༌། དེ་ནས་ཕྱི་ཟླ་༢ པའི་ཚེས་༡༤ ནས་༡༩ བར་རྩིས་དང་རྩིས་ཞིབ་ཀྱི་གཏན་འབེབས་ལམ་སྟོན་དང༌། རྒྱ་གར་གཞུང་གི་ཁྲལ་འབབ་ཁྲིམས་ལུགས་སྐོར། དེ་བཞིན་རྩིས་ཞིབ་ཀྱི་ལས་དོན་གནང་ཕྱོགས་ཐོག་ལ་དགེ་སྐྱོན་དང༌། ཐབས་ལམ་ཇི་ཡོད་སྐོར། གཞན་ཡང་ལས་དོན་ནང་བསམ་བློ་གཏོང་ཕྱོགས་ཐོག་ལ་སློབ་ཁྲིད་གནང་རྒྱུ་ཡིན་པ་རེད། ད་རེས་རེས་ཟབ་སྦྱོང་དེའི་ཐོག་། བཙན་བྱོལ་དཔལ་འབྱོར་བཀའ་བློན་མཆོག་དང༌། རྩིས་ཞིབ་ལས་ཁང་གི་ལས་བྱེད་ཉམས་མྱོང་ལྡན་པ་ཁག་ཅིག་དང༌། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ཉམས་མྱོང་ཅན་ཁག་ཅིག་དེ་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ཁག་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་ནས་སློབ་ཁྲིད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎