དགེ་རྒན་ལ་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་ཟབ་སྦྱོང༌།

བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་འཇགས་དང་ཉིན་མོའི་སློབ་གྲ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་འདུག

2008.08.18

༄༅༎བོད་གཞུང་ཤེས་རིག་ལས་ཁུངས་ནས་གཏན་འཇགས་དང་ཉིན་མོའི་སློབ་གྲ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པ་དེར་སྔོན་འགྲོའི་དགེ་རྒན་སུམ་ཅུ་སོ་བཞི་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཟླ་༨པའི་ཚེས་༡༣ ཉིན་འགོ་འཛུགས་གནང་བའི་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་ ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་བཅས་ཕེབས་ཡོད་འདུག

ཐེངས་འདིའི་ཟབ་སྦྱོང་ནང་དུ་དབུས་བོད་སློབ་འཛིན་ཚོགས་ནས་དགེ་རྒན་༡༢ དང་རྡ་སྟེང་བོད་ཁྱོམ་ཁྱབ་ཁོངས་ནས་དགེ་རྒན་༡༤ མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་དགེ་རྒན་༦ སམ་བྷོ་ཊའི་ཁྱབ་ཁོངས་ནས་དགེ་རྒན་༢ བཅས་ཁྱོན་དགེ་རྒན་༣༤ ལ་ཟབ་སྦྱོང་གནང་བཞིན་ཡོད་འདུག གོང་གསལ་དུས་ཡུན་རིང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དྲུང་ཆེ་བཅས་ནས་ཤེས་ཡོན་སྲིད་བྱུས་སྐོར་དང་ རྒྱ་གར་མཁས་དབང་ཌོག་ཊར་ར་མུ་མ་ནི་ནན་ ནས་ཤེས་ཡོན་ལྟ་གྲུབ་དང་སློབ་ཁྲིད་ཐབས་ལམ། སློབ་ཁྲིད་འཆར་ཟིན། ཁྱོན་ཡོངས་ཀྱི་ཤེས་ཡོན་བཅས་དང༌། དབྱིན་ཡུལ་ནས་ཕེབས་པའི་ལྕམ་སྐུ་ནི་ཀི་ལོ་སེ་ཊན་སེ་ལའི་ ནས་དམིགས་བསལ་ཤེས་ཡོན། ཤེས་རིག་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ནས་ལམ་དབུ་མ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར། ས་རཱ་མཐོ་སློབ་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ནས་རིགས་ལམ་གལ་གནད་དང་འཁྲིད་ཐབས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུ་བདག་ལགས་ནས་ཤེས་ཡོན་ཞིབ་འཇུག་དང་སྔོན་འགྲོ་ནས་གཞི་རིམ་འོག་མའི་བར་བསླབ་གཞི་རྩ་འཛིན་སྐོར། ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་གྲུབ་ལགས་ནས་སྲོལ་རྒྱུན་རྩེད་རིགས་ཁག་བཅས་སློབ་འཁྲིད་གནང་གཏན་འཁེལ་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎