བཞུགས་སྒར་དུ་འཛམ་གླིང་གཅིན་སྙིའི་ནད་གཞིའི་ཉིན་མོ་སྲུང་བརྩི།


2018.11.14
བཞུགས་སྒར་དུ་འཛམ་གླིང་གཅིན་སྙིའི་ནད་གཞིའི་ཉིན་མོ་སྲུང་བརྩི། 2018/11/14 བཞུགས་སྒར་དུ་འཛམ་གླིང་གཅིན་སྙིའི་ནད་གཞིའི་ཉིན་མོ་སྲུང་བརྩི། 2018/11/14
RFA

འཛམ་གླིང་གཅིན་སྙིའི་ནད་གཞིའི་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རིན་མེད་ཀྱིས་སྨན་བཅོས་ལས་གཞི་སྤེལ་འདུག
དེ་ཡང་ལོ་རྟག་པར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁུངས། བོད་ཀྱི་བདེ་རྩ་བཅས་མཉམ་རུབ་ཐོག སྤྱི་ཟླ་༡༡པའི་ཚེས་༡༤འཛམ་གླིང་་གཅིན་སྙིའི་ན་ཚའི་ཉིན་མོ་སྲུང་བརྩི་གནང་གི་ཡོད་པ་བཞིན། ཕྱི་ལོ་༢༠༡༨སྤྱི་ཟླ་༡༡པའི་ཚེས་༡༤ཉིན་མོར།  རྡ་རམ་ས་ལའི་ཁུལ་གཅིན་སྙིའི་ན་ཚ་དང་དེ་འབྲེལ་ཁྲག་ཤེད་ཀྱི་ན་ཚ་སོགས་ལ་རིན་མེད་ཀྱིས་བརྟག་དཔྱད་ཀྱི་ལས་གཞི་སྤེལ་བར། བོད་མི་སེར་སྐྱ་རྒན་གཞོན་མང་པོ་ཅིག་བརྟག་དཔྱད་དུ་ཡོང་གི་ཡོད་པ་དང་། རྡ་ས་གནས་འགོ་འཛིན་གྱི་འཕྲོད་བསྟེན་ལས་བྱེད་པ་བཀྲ་ཤིས་ལགས་ཀྱིས། སྤྱིར་བཏང་ཁོང་ཚོས་འཕྲོད་བསྟེན་དང་འབྲེལ་བའི་དུས་དྲན་མང་པོ་གང་ཐུབ་སྲུང་བརྩི་གནང་གི་ཡོད་པ་དང་། གཅིན་སྙི་ན་ཚའི་ཉིན་མོ་འདིར་ན་ཚ་དེ་དང་འབྲེལ་ཏེ། ནད་རིགས་ཁག་ལ་བརྟག་དཔྱད་དང་ལམ་སྟོན་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད།
ཡང་བོད་ཀྱི་བདེ་རྩའི་སྨན་ཞབས་མ་འཇིགས་མེད་ཆོས་སྐྱིད་ཀྱིས། བོད་ཀྱི་བདེ་རྩ་ལ་སྡེ་ཚན་མང་པོ་ཡོད་པ་ལས་སྨན་ཁང་གི་སྡེ་ཚན་གྱིས། ལོ་རྟག་པར་འཛམ་གླིང་གི་ན་ཚ་འདྲ་མིན་གྱི་དུས་ཆེན་ཁག་གཞིར་བཟུང་སྲུང་བརྩི་གནང་གི་ཡོད་པ་དང་། སྔོན་མ་འཕྲོད་བསྟེན་སྐོར་གསུང་བཤད་ཀྱིས་གོ་རྟོགས་སྤེལ་གྱི་ཡོད་ནའང་། དེ་ལ་མང་པོ་ཅིག་ཡོང་གི་མི་འདུག་པས་སོ་སོའི་འཕྲོད་བསྟེན་གནས་ཚུལ་ཤེས་ཆེད་དུ། ན་ཚ་ལ་བརྟག་དཔྱད་གནང་རྒྱུ་འགོ་འཛུགས་བྱས་སྐོར་སོགས་ངོ་སྤྲོད་དང་འབྲེལ་རྒན་པ་ཚོ་ལས་གཞོན་སྐྱེས་ཚོར་འཕྲོད་བསྟེན་གྱི་གོ་རྟོགས་ཡག་པ་ཡོད་པ་ངོ་སྤྲོད་གནང་གི་འདུག
འཛམ་གླིང་གཅིན་སྙི་ན་ཚའི་མཐུན་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས། སྤྱི་ལོ་༡༩༩༡ལོར་ན་ཚ་དེ་དར་ཁྱབ་འགྲོ་བཞིན་པ་གསལ་སྟོན་གྱིས། སྤྱི་ལོ་༢༠༡༦་ལོར་གཅིན་སྙི་ན་ཚའི་ཉི་མ་དེ་བཞིན་ཡུལ་གྲུ་ཁག་༡༦༠ནང་ཚོགས་སྡེ་ཁག་དང་མི་སྒེར་སོགས་ཀྱིས་སྲུང་བརྩི་རྒྱ་ཆེ་གནང་འགོ་བཙུགས་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎