ཀིརྟི་དགོན་པའི་གྲྭ་གཞོན་རྩོམ་པ་པོ་བློ་མིག་རྒྱ་གཞུང་གིས་འཇུ་བཟུང་།


2015.04.21
དགེ་འདུན་པ་བློ་མིག་གམ་འཇམ་དབྱངས་ལགས་ཀྱི་ཉེ་པར། དགེ་འདུན་པ་བློ་མིག་གམ་འཇམ་དབྱངས་ལགས་ཀྱི་ཉེ་པར།
བོད་འབྱོར།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་རྔ་པ་ཀིརྟི་དགོན་པའི་གྲྭ་གཞོན་རྩོམ་པ་པོ་བློ་མིག་ལགས་གློ་བུར་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་ཚེས་༡༧ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་ཞིག་ལ་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་མིག་གམ་འཇམ་དབྱངས་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་འབྱོར་ཡོད་ཀྱང་། རྒྱུ་རྐྱེན་ཅི་ཞིག་གི་ཆེད་དུ་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ད་ལྟ་ཤེས་རྟོགས་བྱེད་བྱུང་ཐུབ་མེད་པ་རེད། ཁོང་གི་གནས་ཚུལ་ཤེས་མཁན་ཕ་ཡུལ་གཅིག་པ་ཞིག་དང་ངོ་ཤེས་བསོད་ནམས་ཞེས་པ་གཉིས་ཀྱིས་འགྲེལ་བརྗོད་བྱས་ཡོད་པར། བློ་མིག་གམ་འཇམ་དབྱངས་ཁོང་ནི་རྔ་བ་ཀིརྟི་དགོན་པའི་ཕར་ཕྱིན་འཛིན་གྲྭའི་ནང་ཡོད་པ་དང། ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོ་རུ་ཆེན་གསུམ་པ་ནས་ཡིན་པ་དང་། ནམ་རྒྱུན་ནང་བསྟན་མཚན་ཉིད་རིག་པ་གཙོ་བོ་བྱས་ཏེ་སློབ་གཉེར་གྱི་ལས་ལ་འབད་བརྩོན་གནང་མཁན་ཞིག་དང་། དེ་བཞིན་རྩོམ་རིག་གི་ལས་ལ་གཉེར་མཁན་ཞིག་ལས་ཁོང་ལ་ཉེས་པ་གང་ཡང་མེད་པའི་མི་དྲང་པོ་ཞིག་ཡིན་ལུགས་བརྗོད་འདུག
གནས་ཚུལ་ལྟར་ན། ཁོང་གིས་༼ན་བུན་སེར་པོའི་འཕྱུར་སྟངས་༽ཞེས་པའི་བཅད་རྩོམ་གསར་མའི་རྩོམ་དེབ་ཅིག་ཀྱང་འགྲེལ་སྤེལ་བྱས་ཡོད་པ་རེད་འདུག

གསར་འགོད་པ་བསོད་ནམས་དབང་འདུས་དང་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎