འོད་ཟེར་དང་ཨ་མ་གཉིས་ལ་རྒྱལ་སྲུང་མི་སྣས་འདྲི་རྩད་བྱས་འདུག


2014.08.08
བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཉེ་པར་ཞིག བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཉེ་པར་ཞིག
འོད་ཟེར་གྱི་ངོ་དེབ།

དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་འདྲི་རྩད་ནན་པོ་བྱས་པས་ཁོ་མོར་བརྙས་བཅོས་ཚད་མེད་ཕོག་པའི་ཚོར་བ་བྱུང་ཡོད་འདུག


དེ་ཡང་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་འཕྲུལ་སྒྲ་དྲ་ཚིགས་ཐོག་གནས་ཚུལ་སྤེལ་དོན། ཟླ་བ་འདིའི་ཚེས་༨ཉིན་གྱི་ཞོགས་པ་ཆུ་ཚོད་༡༡དང་ཕྱེད་ཀ་ཙམ་ལ་ཁོ་མོ་ལྷ་སའི་གོང་དཀར་གནམ་ཐང་ལ་འབྱོར་ཏེ་གནམ་ཐང་གི་གཞུང་སྒོ་མ་ཐོན་གོང་རྒྱ་ནག་གཞུང་འབྲེལ་གྱི་རྒྱལ་སྲུང་མི་སྣ་ཟེར་བའི་འབྲེལ་ཡོད་མི་སྣ་མང་པོ་ཞིག་གིས་འདྲི་རྩད་ནན་པོ་བྱས་པའི་ཐོག་མཉམ་དུ་འཁྱེར་བའི་ཁུག་མའི་ནང་གི་ཅ་ལག་ཁག་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ་བརྙན་པར་བླངས་པའི་ཁོངས་སུ་ནང་གོས་དང་སྨན། མཛེས་བཟོ། དེབ། བརྙན་སྡེར། ཐ་ན་རྩིས་འཁོར་ནང་གི་རྒྱུ་ཆ་ཁག་ཀྱང་པར་བཤུས་བྱས་ཤིང་། ལག་འཁྱེར་ཁ་པར་ཡང་ཞིབ་ཚགས་ངང་བསྔོག་སྟེ་བརྙན་བླངས་བ་སོགས་བྱས་ཡོད་འདུག འོད་ཟེར་ལགས་ཀྱིས་འཕྲུལ་སྒྲ་དྲ་ཚིགས་ཐོག་མུ་མཐུད་དུ། དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་འདྲི་རྩད་ནན་པོ་བྱས་པ་འདིས་ཁོང་མོར་བརྙས་བཅོས་ཚད་མེད་ཕོགས་པའི་ཚོར་བ་བྱུང་ཡོད་ཚུལ་དང་། དེ་སྔོན་ཁོང་མོ་ལྷ་ས་དང་། ཁམས་ཁུལ་དུ་བསྐྱོད་སྐབས་ཀྱང་འདྲི་རྩད་དེ་རིགས་ཐེངས་མང་བྱས་མྱོང་ཡོད་ན་ཡང་བཟོད་སྒོམ་ཐུབ་ཐབས་མེད་པའི་གནས་ཚུལ་ཞིག་ནི་དགུང་གྲངས་༧༢ལ་ཕེབས་པའི་ཁོང་གི་ཨ་མ་ལགས་ལ་ཡང་ཁ་སང་ཚེས་༧ཉིན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འབོད་འགུག་གིས་འདྲི་རྩད་བྱས་འདུག་ཅེས་འཕྲུལ་སྒྲ་དྲ་ཚིགས་ཐོག་བཀོད་འདུག
ཉེ་བའི་ཟླ་སྔོན་མའི་ནང་ཡང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་པེ་ཅིན་གྱི་རང་ཁྱིམ་ནས་ཉིན་གཉིས་ཙམ་རིང་ཕྱི་ལ་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་བཀག་ཉར་བྱས་བའི་གནས་ཚུལ་ཐོན་ཡོད།
གསར་འགོད་པ་སྒྲོལ་དཀར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎