ཨུ་རུ་སུའི་ཕྱོགས་སྐྱོད་གྲུབ་པ།


2013.03.24
ཞི་ཅིན་ཕེང་ཨུ་རུ་སུའི་ནང་ཉིན་གསུམ་གྱི་གཞུང་དོན་ཕྱོགས་སྐྱོད་གྲུབ་པ།
ཨེ་ཨེཕ་པི།

༄༅༎རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཨུ་རུ་སུའི་ནང་ཉིན་གསུམ་གཞུང་དོན་ཕྱོགས་སྐྱོད་གནང་རིང་ཡུལ་གྲུ་གཉིས་དབར་ནུས་ཤུགས་ལ་སོགས་པའི་ཚོང་འབྲེལ་ཆིངས་དོན་སུམ་ཅུ་ཙམ་འཇོག་ཐུབ་སྟེ་གྲུབ་འབྲས་ལ་འདོད་བློ་ཁེངས་ལུགས་གསུངས་གནང་འདུག
ལྷོ་ཨཕ་རི་ཁའི་ཡུལ་གྲུ་ཊན་ཛ་ནི་ཡ་རུ་གལ་ཆེའི་གསུང་བཤད་གནང་རྒྱུ་དང་།དེ་ནས་ལྷོ་ཨཕ་རི་ཁའི་Bric ཞེས་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཆེ་ཁག་བཞིའི་དབུ་ཁྲིད་ཀྱི་ལྷན་ཚོགས་སུ་བཞུགས་རྒྱུ་དང་། མཇུག་བསྡོམས་སུ་  Congo ཡུལ་དུ་ཕེབས་ཏེ་ད་རེས་ཀྱི་གཞུང་དོན་ཕྱོགས་སྐྱོད་མཇུག་སྒྲིལ་གནང་འཆར་ཡོད་པ་རེད།
ཨུ་རུ་སུ་རུའི་སྲིད་བློན་Dimitry Medevedev དང་མཇལ་འཕྲད་གནང་སྐབས།ཞི་ཅིན་ཕེང་གིས་ཁོང་སྲིད་འཛིན་ལས་གནས་བཟུང་བའི་རྗེས་སུ་གཞུང་དོན་ཕྱོགས་སྐྱོད་དང་པོ་ཨུ་རུ་སུར་གནང་བ་དེ་ནི།ཡུལ་གྲུ་གཉིས་དབར་དམིགས་བསལ་ཅན་གྱི་ཁྱད་ཆོས་ཡོད་པ་དེ་གསལ་སྟོན་ཆེད་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།ཞི་ཅིན་ཕིང་གིས་གཞུང་དོན་ཕྱོགས་སྐྱོད་ཀྱི་གྲུབ་འབྲས་ལ་འདོད་བློ་ཁེངས་པ་བྱུང་སོང་ཞེས་གསུངས་གནང་འདུག ཡང་ཞི་ཅིན་ཕེང་གིས་ཨུ་རུ་སུའི་སྲིད་འཛིན་  Vladimir Putin མཇལ་འཕྲད་དང་དེ་ནས་ལྷན་ཚོགས་གནང་སྟེ་ཆིངས་དོན་སུམ་ཅུ་བརྒལ་བར་ས་རྟགས་བཀོད་པའི་ལས་དོན་གྱི་དབུ་བཞུགས་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎