རྒྱ་ནག་གི་སྲིད་འཛིན་མཉམ་འགྲོ་བ་མིའི་ཐོབ་ཐང་གཙོ་བོ་གླེང་དགོས།


2015.08.12
རྒྱ་ནག་གི་སྲིད་འཛིན་ཞེ་དེ་སྔ་༢༠༡༣ལོར་ཨ་རིར་ཕེབས་སྐབས། རྒྱ་ནག་གི་སྲིད་འཛིན་ཞེ་དེ་སྔ་༢༠༡༣ལོར་ཨ་རིར་ཕེབས་སྐབས།
དྲ་བཤུས

སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་དང་མཉམ་འགྲོ་བ་མིའི་ཐོབ་ཐང་གཙོ་བོ་གླེང་དགོས་བ་གྲོས་ཚོཊ་འཐུས་མིས་ནན་སྐུལ་གནང་བ།
དེ་ཡང་ཟླ་བ་རྗེས་མ་རྒྱ་ནག་གི་སྲིད་འཛིན་Xi Jinpingཨ་རིའི་རྒྱལ་སར་གཞུང་དོན་འཚམས་གཟིགས་སུ་ཕེབས་སྐབས། ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་དང་། དྲག་གནོན་ཤུགས་ཆེར་བྱེད་བཞིན་པའི་གནད་དོན་དེ་རྒྱ་ནག་གི་སྲིད་འཛིན་དང་ལྷན་གླེང་སློང་གནང་དགོས་པའི་སྐོར་ཨ་རིའི་གྲོས་ཚོགས་གོང་མའི་གནད་ཡོད་འཐུས་མི་ཁག་ཅིག་གིས་ནན་སྐུལ་ཤུགས་ཆེ་གནང་འདུག
ཁ་ས་ཚེས་༡༡ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་གནད་ཡོད་འཐུས་མི་སྐུ་ཞབས་Ben Cardinདང་། སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་John McCainརྣམ་གཉིས་ཀྱིས་སྣེ་འཁྲིད་གནང་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་བཅུའི་མཚན་རྟགས་བཀོད་པའི་ཐོག སྲིད་འཛིན་Obamaམཆོག་ནས་རྒྱ་ནག་གི་སྲིད་འཛིན་ལྷན་དང་མཇལ་འཛོམས་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བཞིན་གྲོས་མོལ་གྱི་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་གནང་དགོས་པའི་སྐོར་ཞུ་སྙན་ཕུལ་ཡོད་པ་རེད།  
གོང་གསལ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཞུ་སྙན་དེའི་ནང་Xi Jinpingགི་སྲིད་འཛིན་གྱི་ལས་འཁུར་བཞེས་པ་ནས་བཟུང་། རྒྱ་ནག་ནང་ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་དང་དྲག་གནོན་ཇེ་ཆེར་འགྲོ་བཞིན་པ་དང་། ཉེ་སྔོན་ཕྱི་ཟླ་༧པའི་ཚེས་༩ནས་བཟུང་ད་བར། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་། དོན་གཉེར་བ་༢༥༠ཙམ་དོ་དམ་བཀག་བསྐྱིལ་བྱས་པའི་གནད་ལུགས་གསལ་འདོན་གནང་ཞིང་། རིང་མིན་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་མོལ་སྐབས་ཨ་རིའི་སྲིད་འཛིན་མཆོག་གིས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དེ་དག་གློད་གྲོལ་འབྱུང་ཐབས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་སྐོར་ནན་སྐུལ་གནང་ཡོད་པ་རེད།  
གཞན་ཡང་གོང་གསལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་ཕུལ་བའི་ཕྱག་བྲིས་དེའི་ནང་། ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ལྷན་དང་མཇལ་འཕྲད་སྐབས་རྒྱ་ནག་ནང་ཆོས་དད་རང་དབང་གི་གནད་དོན་དང་། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་Liu Xiaboགཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་འབྱུང་ཐབས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་སྐོར་བཀོད་འདུག
རིང་མིན་ཕྱི་ཟླ་བཅུ་པའི་དཀྱིལ་མཚམས་སུ་རྒྱ་ནག་གི་སྲིད་འཛིན་Xi Jinpingཨ་རིའི་ནང་བདུན་ཕྲག་གཅིག་ཙམ་རིང་གཞུང་དོན་ཕྱོགས་ཕེབས་གནང་ཐོག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་མཉམ་བཞུགས་དང་། རྒྱལ་ས་ཝ་ཤིན་ཀྲོན་དུ་སྲིད་འཛིན་ཨོ་བྷ་མ་Obamaལྷན་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎