ཚོང་དོན་རྒྱལ་སྤྱིའི་ཅན་དུ་འགྱུར་རྒྱུ་དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་ཞིག་ཡིན།


2017.11.10
 ཚོང་དོན་རྒྱལ་སྤྱིའི་ཅན་དུ་འགྱུར་རྒྱུ་དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་ཞིག་ཡིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བེཏ་ནམ་དུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་གླེང་སྟེགས་ལྷན་ཚོགས་ཆེད་འབྱོར་ཡོད་པ།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཅན་དུ་འགྱུར་རྒྱུ་དེ་ནི་ལོ་རྒྱུས་ཀྱི་རྒྱུད་རིམ་གཡོལ་ཐབས་མེད་པ་ཞིག་ཡིན་ལུགས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་གླེང་སྟེགས་ལྷན་ཚོགས་ཐོག་བརྗོད་ཡོད་འདུག
དེ་རིང་གཟའ་པ་སངས་ཉིན་བེཏ་ནམ་རྒྱལ་ཁབ་ནང་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་གླེང་སྟེགས་ཀྱི་དཔོན་རིགས་ལྷན་ཚོགས་ཐོག  རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་བའི་ནང་།  རྒྱ་ནག་དེ་བཞིན་འཛམ་གླིང་ཚོང་དོན་གྱི་སྣེ་ཁྲིད་པ་ཞིག་ལ་ངོས་འཛིན་བྱས་ནས།  ཚོང་དོན་རྒྱལ་སྤྱིའི་ཅན་དུ་འགྱུར་རྒྱུ་དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་ཞིག་ཡིན་ལུགས་བརྗོད་ནས།  ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་གྱིས་ཨ་རི་ཨང་དང་པོ་ཟེར་བ་དང་ལྡོག་ཕྱོགས་ཀྱི་རྣམ་པ་ཞིག་བཏོན་ཡོད་པ་རེད།   ཞི་ཅིན་ཕིང་གིས་གཏམ་བཤད་ནང་རང་དབང་ཚོང་དོན་གྱི་རྒྱབ་ཕྱོགས་སུ་སྒོ་མོ་ཕྱེ་བ་དང་། འདྲ་མཉམ། ཕྱོགས་ཚང་མར་མཁེ་ཕན་ཡོད་པའི་བསམ་བློའི་འདུ་ཤེས་བཟུང་ནས། རྒྱལ་སྤྱིའི་ཚོང་དོན་གྲོས་མཐུན་ལ་སྲུང་སྐྱོབ་བྱ་དགོས་ལུགས་སོགས་དང་། དེ་བཞིན་ཞི་ཅིན་ཕིང་གིས་ ཕྱོགས་མང་པོའི་ཚོང་དོན་ལམ་ལུགས་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་ལ་རྒྱལ་སྤྱིའི་ཚོང་དོན་དང་མ་རྩ་འཛུགས་པའི་ནང་ནས་མཁེ་ཕན་སྤྲོད་དགོས་རྒྱུ་སོགས་བརྗོད་ཡོད་འདུག      དེ་དང་ཨ་རིའི་སྲིད་འཛིན་ ཌོ་ནལ་ཌ་ཊམ་མཆོག་གི་གཏམ་བཤད་དབར་ཁག་ཁག་གི་རྣམ་པ་གསལ་པོ་ཞིག་མཐོང་རྒྱུ་ཡོད་ཅིང་།   ཨ་རིའི་སྲིད་འཛིན་མཆོག་ནས་གཏམ་བཤད་སྤེལ་བའི་ནང་།  ཨ་རི་ཨང་དང་པོའི་རྩ་དོན་གཙོ་བོར་འཛིན་རྒྱུ་བཏོན་ནས་དྲང་བདེན་མེད་པའི་ཚོང་དོན་དང་།  ཚད་བཀག་ཡོད་པའི་ཁྲོམ་ར།  དེ་བཞིན་ཤེས་ཡོན་ཐོན་རྫས་རྐུན་མ་རྐུ་བ་སོགས་ཀྱི་ཐད་ཨ་རིས་བཟོད་སྒོམ་བྱ་རྒྱུ་མིན་ལུགས་དང་།  ད་དུང་སྲིད་འཛིན་ ཌོ་ནལ་ཌ་ཊམ་མཆོག་གིས་རྒྱལ་ཁབ་མང་པོའི་དབར་རང་དབང་ཚོང་དོན་གྱི་གྲོས་མཐུན་འཇོག་རྒྱུར་ཁ་གཏད་ཀྱིས།  ཨ་རི་གཞུང་གིས་ཡུལ་གྲུ་གཉིས་དབར་ཚོང་དོན་གྲོས་མཐུན་འཇོག་རྒྱུར་འདོད་མོས་ཡོད་པའི་རྣམ་འགྱུར་བཏོན་ཡོད་པ་རེད།།  
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎