ཞིའི་ཅིང་ཕིང་གི་གཞུང་དོན་ཕྱོགས་བསྐྱོད་ཐོག་མ།

རྒྱ་ནག་གི་ཆེད་མཐོའི་དཔོན་རིཌ་གསར་པ་ཞིའི་ཅིང་བིང་གིས་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་དབང་ཆ་འཛིན་པའི་རྗེས་གཞུང་འབྲེལ་ཕྱོགས་བསྐྱོད་དང་པོ་དེ་རྒྱ་ནག་གི་ལྷོ་ཕྱོཌ་ཧྲན་ཀྲན་ས་གནས་སུ་འགྲོ་འཆར།

2012.12.07

༄༅།    །དེ་ཡང་ཧོང་ཀོང་གི་ལྷོ་རྒྱ་ནག་རྒྱ་མཚོའི་ཕོ་ཉ་ཞེས་པའི་ཚགས་ཤོག་ཐོག་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན།    དེ་སྔ་༡༩༩༢ལོར་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཞའོ་ཕིང་གིས་ཀྱང་རྒྱ་ནག་ཧྲན་ཀྲན་ཁུལ་དུ་རྟོག་ཞིབ་ལ་ཕྱིན་ཡོད་པ་དང་།  རྗེས་སུ་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་གོ་མོ་ཕྱེ་བའི་འགྱུར་བཅོས་སྲིད་བྱུས་མུ་མཐུད་འཛིན་རྒྱུར་ཐག་གཅོད་བྱས་ཡོད་སྐོར་གསུངས་པ་དང་འབྲེལ།  ད་རེས་རྒྱ་ནག་གི་ཆེད་མཐོའི་དཔོན་རིགས་ཞིའི་ཅིང་ཕིང་གིས་ རྒྱ་ནག་གི་དབང་ཆ་འཛིན་པའི་རྗེས་ཀྱི་ཕྱོགས་བསྐྱོད་ཐོག་མ་དེ།  རྒྱ་ནག་ཧྲན་ཀྲན་ཁུལ་དུ་བསྐྱོད་ཡས་དེའི་ཐོག་ནས་ རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་གོ་མོ་ཕྱེ་བའི་འགྱུར་བཅོས་སྲིད་བྱུས་མ་འོངས་མུ་མཐུད་འཛིན་རྒྱུའི་མཚོན་རྟགས་ཤིག་ཡིན་པ་ཧོང་ཀོང་གི་ཚགས་ཤོག་དེའི་ཐོག་གནས་ཚུལ་འཁོད་འདུག   ཧྲན་ཀྲན་གྲོང་ཁྱེར་དེ་བཞིན་ལོ་ངོ་བཅུ་གྲངས་ཁ་ཤས་ཀྱི་གོང་ས་སྟོང་ཡིན་པའི་སྐབས།  རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་བསལ་ས་གནས་ཐོག་མ་དེ་བཟོས་ནས་  ས་གནས་དེའི་ནང་ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་བསྡུ་སྐོང་བྱེད་ཡས་སོགས་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་ནང་ཁུལ་དེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་ཕྱིན་ཏེ།  རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་གྲོང་ཁྱེར་ཞིག་ཆགས་ཡོད་པས་མ་ཟད།  ཆབ་སྲིད་ལྟ་བ་སོགས་ཀྱི་ཐོག་ནས་རྒྱ་ནག་གི་དབུས་ཕྱོགས་ས་ཁུལ་ལས་གུ་ཡངས་བ་ཡོད་པར་མི་རྣམས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎