ཤིན་ཅང་དུ་དྲ་རྒྱ་སོགས་ཀྱི་བཀག་སྡོམ་རིམ་བཞིན་གློད་པ།

ཤིན་ཅང་དོན་རྐྱེན་གྱི་རྗེས་སུ་བཀག་སྡོམ་བྱས་པའི་ལག་འཁྱེར་ཁ་པར་དང་གནས་འཕྲིན་དྲ་རྒྱ་སོགས་རིམ་བཞིན་བཀག་སྡོམ་ནས་གློད་བཞིན་པ།

2009.07.28

༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་འདི་ཟླའི་ཚེས་ལྔ་ནས་བྱུང་བའི་དོན་རྐྱེན་གྱི་རྗེས་སུ་བཀག་སྡོམ་བྱས་པའི་ལག་འཁྱེར་ཁ་པར་དང་གནས་འཕྲིན་དྲ་རྒྱ་སོགས་རིམ་བཞིན་བཀག་སྡོམ་ནས་གློད་བཞིན་ཡོད་པ་རེད།

དེ་ཡང་ཤིན་ཅང་བརྡ་འཕྲིན་དོ་དམ་ལས་ཁུངས་ནས་དེ་རིང་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ཤིན་ཅང་ནང་ད་ལྟ་གནས་འཕྲིན་དྲ་རྒྱ་བརྒྱུད་དངུལ་ཁང་དང་དངུལ་འཛིན།སློབ་མ་བསྡུ་ལེན།གནམ་གཤིས་གནས་ཚུལ་སོགས་འཕྲིན་གཏོང་ལས་གཞི་དང་དེ་མིན་ཐོན་སྐྱེད་ཚོང་གཉེར་རིགས་ཀྱི་གློག་རྡུལ་ཚོང་ལས།གློག་རྡུལ་སྲིད་ལས་དང་ཐུན་མོང་གི་འཕྲིན་གཏོང་སོགས་ཀྱི་བཀག་སྡོམ་རིམ་བཞིན་གློད་ནས་བསྐྱར་དུ་སྒོ་ཕྱེས་ཡོད་པ་རེད།

གཞན་ཡང་ཤིན་ཅང་རང་སྐྱོང་ལྗོངས་གསར་འགྱུར་ལྟེ་གནས་ཁང་གི་དཔོན་རིགས་ཡང་གོའོ་ཆིང་གིས་གསུངས་ན་ཤིན་ཅང་ནང་ད་ལྟ་ཡིན་ནའང་མང་ཚོགས་ཕན་ཚུན་དབར་ཁ་པར་སྟེང་གི་འཕྲིན་གཏོང་རིགས་གཏོང་འབྱོར་བྱེད་ཐུབ་ཀྱི་མེད་ཀྱང་གཞུང་ཕྱོགས་ཀྱི་འཕྲིན་གཏོང་རིགས་འབྱོར་ཐུབ་ཀྱི་ཡོད་ལ་ཟླ་བ་འདིའི་ཚེས་ཉི་ཤུ་དྲུག་ནས་བཟུང་ཉིན་རེའི་ཕྱི་དྲོར་གཞུང་ཕྱོགས་ནས་མང་ཚོགས་ཁྲོད་དུ་འཕྲིན་གཏོང་བཏང་ནས་གནས་ཚུལ་གསར་ཤོས་དེ་ངོ་སྤྲོད་བྱེད་པ་དང་ཆབས་ཅིག་དཀྲོག་གཏམ་ལ་ཡིད་ཆེས་བྱེད་མི་རུང་པར་ཉེན་བརྡ་ཡང་གཏོང་སྲིད་ཅེས་བརྗོད་འདུག ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་ཟླ་བ་འདིའི་ཚེས་ལྔ་ཉིན་ཤིན་ཅང་ནང་དོན་རྐྱེན་དེ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་ཕྱོགས་ནས་མི་སྒེར་སོ་སོའི་ལག་འཁྱེར་ཁ་པར་དང་གནས་འཕྲིན་དྲ་རྒྱ་ཐམས་ཅད་བཀག་སྡོམ་བྱས་པ་དང་རྒྱ་ནག་གཞུང་གིས་མི་འགའ་རེས་དེ་ག་བེད་སྤྱོད་བྱས་ནས་ཟིང་འཁྲུག་སློང་རྒྱུར་ངན་སྐུལ་བྱེད་པར་དོགས་གཞིའི་འོག་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་དྲངས་ཡོད་པ་རེད། ཡང་རྒྱ་ནག་གི་ས་ཁུལ་གཞན་དག་དུའང་སྤྱི་ཚོགས་ནང་འབྲེལ་མཐུད་རང་བཞིན་ཅན་དྲ་ཚིགས་རིགས་ཀྱང་ཨུ་རུམ་ཆིའི་དོན་རྐྱེན་གྱི་རྗེས་སུ་ད་དུང་ཡང་སྒོ་ཕྱེ་མི་ཐུབ་པའི་གནས་སྟངས་སུ་གྱུར་ཡོད་པ་བཅས་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་བརྒྱུད་ལམ་ནང་རྒྱ་ཡིག་ཐོག་ནས་གནས་ཚུལ་དེ་ལྟར་འགྲེམས་སྤེལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎