ལ་དྭགས་ས་གནས་སུ་དབྱར་ཆོས་ཆེན་མོའི་ཕན་རླབས།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་༧ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭ་དབུ་གཉེས་ནས་ལོ་༥༠ འཁོར་བའི་དུས་ཆེན་དང་བསྟུན་ལམ་སྒྲོན་དབྱར་ཆོས་ཆེན་མོ་ལ་ཆིབས་འསྒྱུར་བཀའ་དྲིན་བསྐྱང་གནང་རྒྱུད་ཡིན་པ་དང་སྐབས་དེར་སློབ་གྲྭ་བརྒྱད་ནས་སློབ་ཕྲུག་༤༠༠ཙམ་མཉམ་ཞུགས་གནང་གི་ཡོད་པ་ལམ་སྒྲོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ཐུབ་བསྟན་དོན་གྲུབ་ལགས་ཀྱི་སློབ་གྲྭར་དབྱར་ཆོས་ཆེན་མོ་སྐོར་ཨེ་ཤེས་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་གནང་བྱུང།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བཞིན་ལ་དྭགས་ས་གནས་སུ་སྤྱི་ལོ་༢༠༡༣ ནས་འགོ་འཛུགས་ཀྱི་དགོན་པ། སློབ་གྲྭ དེ་བཞིན་ཡུལ་མི་བཅས་ཀྱིས་འགན་འཁུར་འོག་ས་གནས་སུ་ནང་ཆོས་གཙོ་བོ་རིག་ལམ་སློབ་གཉེར་ལ་དམིགས་ཏེ་ནང་སེམས་ཡར་རྒྱས་གཏོང་ཆེད་དུ་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་ཕན་ཚུན་དབར་རིག་ལམ་མཚན་ཉིད་། མཁས་པའི་གཏམ་བཤད་དང་ཆོས་ལུགས་འདྲ་མིན་དབར་གྲོས་གླེང་སོགས་ཀྱིས་རྒྱུད་དབྱར་ཆོས་ཆེན་མོ་ཞེས་གོ་སྒྲིག་ཞུས་བཞིན་ཡོད་པ་༸གོང་ས་མཆོག་གི་ལ་དྭགས་གསུང་འགྱུར་རྒན་བློ་བཟང་ཚེ་དབང་ལགས་ཀྱི་གསུངས་བྱུང་།
ལ་དྭགས་ས་གནས་སུ་དབྱར་ཆོས་ཆེན་མོ་ཐོག་མ་དེ་དབུས་གཞུང་ནང་པའི་རིག་གནས་སློབ་གཉེར་ཁང་གི་གོ་སྒྲིག་ཞུས་ཡོད་པ་དང་དེའི་རྗེས་རིམ་པའི་ཀླུ་འཁྱིལ་དགོན། དཔེ་ཐུབ་དགོན། ཁྲིག་སེ་དགོན། ནུབ་ར་ལྗོངས་སུ་ཆགས་པའི་བསམ་བསྟན་གླིང་དགོན་དང་བདེ་སྐྱིད་དགོན། ཡང་ནུབ་ར་ལྗོངས་སུ་ཡུལ་ཅིག་གི་གོ་སྒྲིག་ཞུ་ཡོད་པ་དང་དེའི་བཞིན་ལོ་ལིང་བཤེད་དགོན་དང་འདི་ལོ་ལམ་སྒྲོན་སློབ་གྲྭའི་གོ་སྒྲིག་ཞུས་པ་རེད་འདུག ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲའི་དབྱར་ཆོས་ཆེན་མོ་དེ་ཟླ་བ་འདིའི་ཚེས་༧ ནས་༡༤ དབར་ཚོགས་རྒྱུ་རེད་འདུག་