ཡེ་མེན་གྱི་སྲིད་འཛིན་འོས་བསྡུའི་ནང་བསྐྱར་དུ་བཞེངས་རྒྱུ་མིན།
2011.02.02
༄༅༎ཁ་ཆེའི་རྒྱལ་ཁབ་ཡེ་མེན་གྱི་སྲིད་འཛིན་ཨ་ལི་ཨབ་རྡུ་ལ་ས་ལེ་མཆོག་གིས་ཁོང་སྲིད་འཛིན་གྱི་འོས་མིར་ཡང་བསྐྱར་བཞེངས་རྒྱུ་མིན་ལུཌ་གསུངས་འདུག ཡེ་མེན་གྱི་ཕྱོགས་འགལ་ཚོཌ་པ་ཁག་གི་དབུ་ཁྲིད་རྣམས་དང་ཞི་བའི་མི་མང་གིས་གཟའ་ཕུར་བུའི་ཉིན་ཁོང་ཁྲོའི་ཉི་མོ་ཞེས་སྲིད་འཛིན་མཆོག་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱེད་འཆར་ཡོད་པའི་ཉིན་གཅིག་གི་གོང་སྟེ་ད་རིང་གཟའ་ལྷག་པའི་ཉིན་ཛ་དྲག་གི་གྲོས་ཚོཌ་འཚོཌ་ནས་སྲིད་འཛིན་ཨ་ལི་ཨབ་རྡུ་ལ་ས་ལེ་མཆོག་ནས་ཁོང་གིས་ཕ་ཤུལ་བུ་འཛིན་གྱི་དབང་བསྒྱུར་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་ལ། འོས་བསྡུ་རྗེས་མའི་ནང་སྲིད་འཛིན་འོས་མིར་བཞེངས་རྒྱུ་མིན་ལུཌ་གསུངས་འདུག
ཨ་ལི་མཆོག་གིས་ལོ་བཅུ་ཕྲག་མང་པོའི་རིང་ཡེ་མེན་གྱི་སྲིད་འཛིན་གནང་བ་དང་ཕྱི་ལོ་༢༠༡༣་ལོར་ཁོང་གི་སྲིད་འཛིན་གནང་རྒྱུའི་ལོ་དུས་གཙང་གི་ཡོད་སྟབས་ཇི་སྲིད་ཁོང་རང་འཚོ་གནས་ཀྱི་བར་དུ་སྲིད་འཛིན་མུ་མཐུད་གནང་རྒྱུའི་ཡུལ་དེའི་རྩ་ཁྲིམས་ལ་བཅོས་བསྒྱུར་གཏོང་འཆར་ཡོད་པ་མ་ཟད་ ཁོང་གི་བུས་ཁོང་གི་རྗེས་སུ་ཡུལ་དེའི་སྲིད་འཛིན་གནང་རྒྱུར་གསོ་སྐྱོང་བྱེད་བཞིན་པའི་སྐོར་ཕྱོཌ་འགལ་སྲིད་དོན་ཚོཌ་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག གོང་ཞུས་ཛ་དྲག་གི་གྲོས་ཚོཌ་འཚོཌ་སྐབས་སྲིད་འཛིན་ཨ་ལི་མཆོག་གིས་རྩ་ཁྲིམས་བཅོས་བསྒྱུར་གཏོང་རྒྱུ་དེ་བཞིན་ཕྱིར་འཐེན་གནང་རྒྱུ་དང་འོས་བསྡུ་ཡང་འདི་ལོའི་ཕྱི་ཟླ་བཞི་པའི་བར་ཕྱིར་འགྱངས་གནང་རྒྱུ་ཡིན་ལུཌ་གསུངས་འདུག འདི་ལོའི་ཕྱི་ཟླ་དང་པོའི་ནང་ཁ་ཆེའི་རྒྱལ་ཁབ་ཀྲུ་ནི་ཤི་ཡ་ནང་མི་མང་སྤྱི་དང་ལྷག་དོན་དུ་ལས་མེད་གཞོན་སྐྱེས་ཚོས་སྲིད་འཛིན་ཛི་ནེ་ཨེལ་ཨ་སྦི་ཌིན་སྦེན་ཨ་ལི་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་ཁོང་གནས་དབྱུང་བཏང་བའི་རྗེས་སུ་འདས་པའི་ལོ་ངོ་༣༠་རིང་ཨི་ཇིབཏ་ཡི་སྲིད་འཛིན་གནང་མཁན་ཧོ་སི་ནི་མུ་སྦ་རཀ་ལས་གནས་ནས་དགོངས་ཞུ་དགོས་སྐོར་དེང་སྐབས་ངོ་རྒོལ་རྔམ་སྟོན་བྱེད་མུས་ཡིན་པས་ ཡེ་མེན་གྱི་སྲིད་འཛིན་ཨ་ལི་མཆོག་གིས་མི་མང་གི་ངོ་རྒོལ་ཇེ་ཆེར་འགྲོ་བའི་ཉེན་ཁ་གཅོག་ཐབས་སུ་མཐོ་སློབ་ཁག་ནས་ཐོན་པའི་སློབ་ཕྲུག་རྣམས་ལ་ལས་ཀ་སྤྲོད་རྒྱུའི་ཆེད་དམིཌ་གསལ་རོགས་དངུལ་ཐེབས་རྩ་བཟོ་བསྐྲུན་དགོས་པའི་བཀའ་བཏང་བ་མ་ཟད་ རྒན་ཡོལ་དུ་ཕེབས་མི་རྣམས་ལ་ཡང་རྒན་ཕོག་མུ་མཐུད་སྤྲོད་རྒྱུའི་གསལ་བསྒྲཌ་གནང་ཡོད་པའི་གནས་ཚུལ་འདུག།