ཡེ་མེན་གྱི་སྲིད་འཛིན་སའུ་དིར་ཐོན་བསྐྱོད་བྱས་པ།

ཡེ་མེན་གྱི་སྲིད་འཛིན་ས་ལེ་སའུ་དི་ཨ་ར་བི་ཡར་སྨན་བཅོས་ཆེད་ཐོན་བསྐྱོད་བྱས་པར་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོ་བྱས།

2011.06.05

༄༅༎ཡེ་མེན་གྱི་སྲིད་འཛིན་ཨ་ལི་ཨབ་རྡུ་ལ་ས་ལེ་(Ali Abdullah Saleh)རེས་གཟའ་སྤེན་པའི་ཉིན་སའུ་དི་ཨ་རེ་སྦི་ཡ་(Saudi Arabia)ལ་སྨན་བཅོས་ཆེད་ཐོན་བསྐྱོད་བྱས་ཡོད་པར་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོ་བྱས་ཡོད་ནའང༌། ཡུལ་ནང་དམག་འཁྲུག་མུ་མཐུད་རྒྱབ་བཞིན་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་ཡེ་མེན་གྱི་སྲིད་འཛིན་གྱི་ཞུགས་གནས་ཐོག་གཏོར་རྒོལ་བཏང་སྐབས་རྨས་སྐྱོན་ཕོག་པའི་སྲིད་འཛིན་ས་ལེ་རེས་གཟའ་སྤེན་པའི་ཉིན་སའུ་དིར་ཕྱོགས་སུ་སྨན་བཅོས་ཆེད་ཐོན་བསྐྱོད་གནང་ཡོད་པ་ལྟར། རྒྱལ་ས་ས་ནའ་(Sanaa)ཁུལ་མང་ཚོགས་ཀྱིས་ཁོང་ཕྱིར་སྐྱོད་བྱས་པར་དགའ་འཆོར་ཆེན་པོ་བྱས་ནས་རྒྱལ་དར་འཕྱར་ནས་དགའ་སྟོན་བྱས་འདུག། འོན་ཀྱང་ས་ནའ་དང་ཏཨེཛ་ས་གནས་སུ་འབར་རྫས་རྒད་ཐོར་དང་མེ་མདའ་རྒྱག་རེས་ཤུགས་ཆེ་བྱས་འདུག།

ཉེ་བའི་ཆར་ཡེ་མེན་ཡུལ་གྱི་ནང་མང་ཚོགས་ཀྱིས་ས་ལེ་སྲིད་འཛིན་ནས་དགོངས་ཞུ་བྱ་དགོས་རྒྱུའི་དགོས་འདུན་བསྟོན་རྗེས་ཡུལ་ནང་གཟིངས་འཁྲུག་ལངས་ནས་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

སྲིད་འཛིན་ས་ལེ་ཡིས་སྲིད་བློན་དང༌། གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་པའི་ཁོང་གི་བཟའ་ཟླ་དང་ནང་མི་སྤུན་མཆེད་༣༥སའུ་དི་མཉམ་འཁྲིད་བྱས་ཡོད་ནའང༌། ཁོང་གི་བུ་ཨེ་མེརྡ་དང་ཚ་བོ་ཨམ་མར་དང་ཡེ་ཧི་ཡ་བཅས་གསུམ་ཡེ་མེན་ཡུལ་གྱི་དམག་སྤྱི་ཡིན་སྟབས་ད་ལྟ་ཡེ་མེན་ནང་ཡོད་མུས་ཡིན་པ་རེད།

ཡེ་མེན་གྱི་སྲིད་འཛིན་ལས་ཚབ་སྲིད་འཛིན་གཞོན་པ་མན་སུའུར་ཧ་རྡི་ཡིས་ཡེ་མེན་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་དང་ཐུགས་འཕྲད་གནང་ཡོད་པ་མ་ཟད། སྲིད་འཛིན་ས་ལེ་ཡི་བུ་ཡེ་མེན་གྱི་དམག་སྤྱི་དང་ཐུགས་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎