འཇིཊ་བྱེད་སྐྱབས་གར་སོང་ཆ་མེད་གྱུར་བར་བོད་མིས་སེམས་ཁྲལ།


2015.04.14
མཛོད་དགེ་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་ཞུ་གཏུགས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡།༢༨ མཛོད་དགེ་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་ཞུ་གཏུགས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡།༢༨
དྲ་བཤུས

བོད་མིའི་ས་ཁང་བཙན་འཕྲོག་བྱས་པའི་བྱ་སྤྱོད་ཞུ་གཏུཊ་མཁན་དང་དཔང་རྟགས་ཉར་མཁན་འཇིགས་བྱེད་སྐྱབས་གར་སོང་མེད་པ་གྱུར་བ།
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༡༣ཉིན་མཛོད་དགེ་རྫོང་ཐང་སྐོར་ཕྱོགས་སུ་ས་ཁང་གཞུང་བཞེས་བཙན་འཕྲོག་གི་ཞུ་གཏུགས་པ་དང་། དཔང་རྟགས་ཉར་མཁན་འཇིགས་བྱེད་སྐྱབས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཉིན་དེའི་ཞོགས་པར་ཐང་སྐོར་ཡུལ་ཚོའི་མངགས་གཏོང་ཁང་གི་འགོ་ཁྲིད་དང་། ཡུལ་ཚོའི་ལས་བྱེད་པ་ཁག་གཅིག་འཇིགས་བྱེད་སྐྱབས་ཀྱི་ནང་ལ་འབྱོར་ནས་ཁོང་བཙན་ཁྲིད་བྱེད་ཐབས་བྱས་བ་ས་གནས་བོད་མི་ཚོས་མཐོང་ཡོད་པ་དང་། ཉིན་རྒྱབ་ནས་ཁོང་གར་སོང་ཆ་མེད་དུ་གྱུར་འདུག དེར་བརྟེན་ཁོང་གི་ནང་མི་དང་ཡུལ་མི་ཚོས་སེམས་ཁྲལ་ཆེན་པོས་ཐང་སྐོར་ཡུལ་ཚོའི་མངགས་གཏོང་ཁང་གི་འགོ་ཁྲིད་བཀྲ་ཤིས་ལ་སྐད་ཆ་དྲིས་སྐབས། ཁོང་ཚོས་འཇུ་བཟུང་བྱས་མེད་ཚུལ་ལན་འདེབས་བྱས་འདུག ས་གནས་བོད་མི་ཚོས་ཁོང་ཉེན་རྟོག་པས་བསྐྱར་དུ་འཇུ་བཟུང་བྱས་ཚར་བའི་ཚོད་དཔག་བྱེད་བཞིན་པ་དང་། བོད་མི་ཚོས་དེ་ནི་ས་གནས་རྒྱ་ནག་གི་འབྲེལ་ཡོད་ལས་བྱེད་ཚོས་དབང་ཚད་སྒེར་སྤྱོད་བྱས་ནས་བོད་མི་ཉམས་ཆུང་ལ་དབང་ཡོད་བཤད་པ་དང་། སོ་སོའོ་བྱས་ཉེས་ཁག་འགེབས་སྲུང་ཆེད་ཡིན་པས་དྲང་བདེན་གྱི་ཐག་གཅོད་མ་བྱུང་བར་མུ་མཐུད་ཁུལ་དང་ཞིང་ཆེན་རིམ་པ་བརྒྱུད་གོང་རིམ་ཞུ་གཏུགས་བྱེད་ཞུ་ཡིན་ཚུལ་བཤད་ཡིན་པ་རེད།
ད་དུང་བོད་མི་ཞིག་གིས། ཞུ་གཏུགས་བྱེད་མཁན་ཚོ་ཉེས་ཅན་པ་ལྟར་གསང་བའི་ཐོག་འཇུ་བཟུང་དང་འཇིགས་སྐུལ་བྱེད་པ་འདིས་གནད་དོན་ཆེན་པོ་འབྱུང་སྲིད་པས་གོང་རིམ་ནས་དོ་སྣང་བྱེད་རན་ཡིན་པ་ཡང་བརྗོད་སོང་།
རང་ལོ་༣༩ཙམ་ཡིན་པའི་འཇིགས་བྱེད་སྐྱབས་དེ་སྔོན་ཡང་ཞུ་གཏུགས་ལས་འགུལ་ཁྲོད་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བྱས་མྱོང་ཡོད་པ་རེད།
དེ་ནི་༢༠༡༠ལོར་ཟི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་རྐ་རུ་མ་ཕྱོགས་ཀྱི་བོད་མི་འབྲོག་པ་ཁྱིམ་ཚང་༢༠ཙམ་གྱི་ས་ཆ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གཞུང་བཞེས་བཙན་འཕྲོག་བྱས་བ་དང་། གནད་དོན་དེ་ས་གནས་བོད་མི་ཚོས་གོང་རིམ་ལ་ཡང་ཡང་ཞུ་གཞུགས་བྱས་ནས་མི་ལོ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་། དོན་འབྲས་གང་ཡང་མ་སོན་པའི་ཐོག་ད་དུང་མུ་མཐུད་ནས་ཞུ་བཏུགས་བྱེད་པ་ཡིན་ན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་དང་འཇིགས་སྐུལ་བྱེད་བཞིན་པ་དང་། ༢༠༡༥ལོའི་ཟླ་༡པོའི་ཚེས་༢༨ཉིན་གྱི་སྔ་དྲོར་ཟི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་ཚོགས་པའི་སྐབས་ཚོགས་ཁང་གི་སྒོ་འགྲམ་དུ་བསྡད་ནས་ཞུ་གཏུགས་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎