བོད་མི་ཞུ་གཏུགས་ངོ་རྒོལ་བ་ལྔ་བཏང་ཡང་ལྔ་བཀག་འདུག


2015.10.07
མཛོད་དགེ་ཐང་སྐོར་གྱི་རྩ་སའི་གནད་དོན་ཆེད་ཞུ་འབོད་ངོ་རྒོལ་གནང་བཞིན་པ། ༢༠༡༥།༡༠ མཛོད་དགེ་ཐང་སྐོར་གྱི་རྩ་སའི་གནད་དོན་ཆེད་ཞུ་འབོད་ངོ་རྒོལ་གནང་བཞིན་པ། ༢༠༡༥།༡༠
བོད་འབྱོར།

མཛོད་དགེ་ཐང་སྐོར་གྱི་རྩ་སའི་གནད་དོན་ཆེད་ཞུ་གཏུགས་ངོ་རྒོལ་རྗེས་འཇུ་བཟུང་བྱས་བའི་བོད་མི་ལྔ་བཏང་ཡང་ལྔ་མུ་མཐུད་བཀག་བསྡད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཉེ་ལམ་མཛོད་དགེ་ཐང་སྐོར་ཕྱོགས་སུ་རྩྭ་ས་གཞུང་བཞེས་བཏང་བར་ངོ་རྒོལ་བྱེད་མཁན་འབྲོག་པ་བཅུ་རྒྱ་ནག་གིས་འཇུ་བཟུང་བྱས་བའི་ཁྲོད་ནས་། ད་ཆ་འཛིན་བཟུང་བྱས་པའི་མཛོད་དགེ་ཐང་སྐོར་གྱི་འབྲོག་པ་ལྔ་དངོས་སུ་གློད་བཀྲོལ་བཏང་ཡོད་རུང་། ད་དུང་འབྲོག་པ་ལྔ་མུ་མཐུད་བཀག་ཉར་འོག་གནས་བཞིན་ཡོད་པ་རེད།
དེ་ནི་ད་ལོ་སྤྱི་ཟླ་ལྔ་པའི་ནང་རྒྱ་ནག་གཞུང་ནས་བོད་ཨ་མདོ་མཛོད་དགེ་རྫོང་ཐང་སྐོར་རྐ་བར་མ་སྡེ་པའི་འབྲོག་པ་ཁག་ཅིག་གི་རྩྭ་ས་གཞུང་བཞེས་བཏང་ཞིང་། དེ་ཚོ་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་རྒྱུའི་ལས་གཞིའི་ནང་ཚུད་ཡོད་པར་བརྗོད་ཡོད་རུང་། ཕྱིས་སུ་རྩྭ་ས་གཞུང་བཞེས་ཕྱིན་པའི་འབྲོག་པ་ཁྱིམ་ཚང་ཚོས། ས་གནས་མཛོད་དགེ་རྫོང་སྲིད་གཞུང་དང་། རྔ་པ་རང་སྐྱོང་ས་ཁུལ་། དེ་བཞིན་ཟི་ཁྲོན་ཞིང་ཆེན་བཅས་རིམ་པ་ཁག་ལ་ཁོང་ཚོའི་བདེ་སྡུག་སྙན་སེང་གི་ཞུ་ཡིག་ཕུལ་ཡོད་པ་དང་། ད་བར་གཞུང་བཞེས་བཏང་བའི་རྩྭ་སའི་ཐོག་འཛུགས་སྐྲུན་ལས་གཞི་གང་ཡང་གཉེར་མེད་པར་ས་གནས་སྲིད་གཞུང་གིས་རྩྭ་ས་དེ་ཚོ་མི་སྒེར་པ་ཁག་ལ་བོགས་མར་བཏང་ཡོད་པ་རེད་འདུག་ལ། རྩྭ་ས་གཞུང་བཞེས་བཏང་ནས་གྱོང་གུན་མཇལ་མཁན་མེད་པ་དང་། གཉིས་ནས་རྩྭ་ས་གང་བྱུང་གིས་བོགས་མར་བཏང་ཡོད་ཅིང་། དེར་བརྟེན་ཁ་སྔོན་རྩྭ་ས་གཞུང་བཞེས་སུ་ཕྱིན་པའི་འབྲོག་པ་ཚོས་གཞུང་བཞེས་སུ་ཕྱིན་པའི་རྩྭ་སའི་ཐོག་འདུ་འཛོམས་བྱས་ཏེ་རྩྭ་ས་ཚུར་བཟུང་བར་བརྟེན་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཁུལ་དེར་མངགས་གཏོང་བྱས་ཏེ། ངོ་རྒོལ་བྱེད་མཁན་འབྲོག་པ་འཇིགས་བྱེད་སྐྱབས་གཙོས་མི་བཅུ་འཛིན་བཟུང་བྱས་ཡོད་པ་དང་། ད་ཆ་འཛིན་བཟུང་བྱས་པའི་མཛོད་དགེ་ཐང་སྐོར་གྱི་འབྲོག་པ་ལྔ་སྤྱི་ཟླ་༡༠བའི་ཚེས༢ཉིན་གློད་བཀྲོལ་བཏང་ཡོད་རུང་། ད་དུང་འབྲོག་པ་ལྔ་མུ་མཐུད་བཀག་ཉར་འོག་གནས་བཞིན་ཡོད་པ་རེད་འདུག

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎