བོད་ནང་གསུམ་བཅུའི་དུས་དྲན།
2013.03.06

བོད་ནས་བཏང་འབྱོར།
༄༅། །ང་ཚོ་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་། བོད་མདོ་སྨད་ཕྱོགས་སུ་མངོན་ལྐོག་གཉིས་ནས་དམ་བསྒྲགས་ཇེ་ཆེར་བཏང་འདུག དེ་དང་འབྲེལ་བའི་ཡིག་ཆ་གཅིག་རེབ་གོང་དང་། བླ་བྲང་སོགས་ཀྱི་དགོན་སྡེ་ཁག་ལ་དཀྲམ་ཡོད་པའི་ནང་འཁོད་དོན། དགོན་པའི་དོ་དམ་མི་སྣ་དང་། བླ་སྦྲུལ། དགེ་བསྐོས་སོགས་རང་གི་ལས་གནས་ནས་ཁ་བྲལ་མི་ཆོག་པ་དང་། གསོལ་འདེབས་ཀྱི་རྣམ་པས་མཆོད་མེ་སྒྲོན་པ་དང་། སྨོན་ལམ་འདེབས་པ་སོགས་ཀྱི་རྗེས་དྲན་བྱ་འགུལ་སྤེལ་མི་ཆོག གྲྭ་བཙུན་དགོན་པའི་ཕྱི་ལ་བུད་ནས་བསང་གཏོང་བ་དང་། འུར་རྒྱག་པ་སོགས་བྱེད་མི་ཆོག་ཅེས་གྲྭ་བཙུན་ལ་བཏོན་པའི་སྤང་བྱ་བརྒྱད་ཞེས་བའི་ཡིག་ཆ་གང་སར་སྤེལ་འདུག་ལ། ཉེ་ལམ་མདོ་སྨད་ཕྱོགས་སུ་ལོ་གསར་སྐབས་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དམ་བསྒྲགས་ཆེན་པོ་བྱས་ཡོད་པ་རེད།།