རྒྱ་ནག་དབུས་ཧན་ནན་ཞིང་ཆེན་ནང་དུ་ངོ་རྒོལ་བྱུང་བ།

རྒྱ་ནག་ནང་ལས་བཟོ་བ་སྟོང་ཕྲག་གཅིག་ཙམ་གྱིས་ཁོང་ཚོའི་ལས་ཀའི་གླ་འབབ་སྤྲོད་དགོས་ཞེས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བ།

2009.03.22

༄༅༎རྒྱ་ནག་གི་དབུས་ཧན་ནན་ཞིང་ཆེན་ནང་དུ་ཡོད་པའི་བཟོ་གྲྭ་ཞིག་གི་ལས་བཟོ་བ་སྟོང་ཕྲག་གཅིག་ཙམ་གྱིས་ཁོང་ཚོའི་ལས་ཀའི་གླ་འབབ་སྤྲོད་དགོས་པ་དང་ཉེན་སྲུང་འགན་ལེན་གྱི་དངུལ་འབབ་སྤྲོད་དགོས་ཞེས་རྒྱ་ལམ་ཐོག་ཏུ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པའི་སྐོར་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད།

རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཧན་ནན་ཞིང་ཆེན་གྱི་ལིན་ཀྲོའུ་གྲོང་ཁྱེར་ནང་གི་ལྕགས་དང་ངར་ལྕགས་བཟོ་གྲྭའི་ལས་བཟོ་བ་ཚོས་མོ་ཊའི་འགྲིམས་འགྲུལ་གྱི་འགྲོ་ལམ་ཆེ་ཤོས་དེ་བཀག་སྟེ་ངོ་རྒོལ་བྱས་པ་དང་ཁོང་ཚོའི་དགོས་འདུན་གཙོ་བོ་ནི་ཟླ་རེའི་ལས་ཀའི་གླ་ཆ་དང་སྨན་བཅོས་དང་ཉེན་སྲུང་འགན་ལེན་གྱི་གུན་གསབ་སྤྲོད་དགོས་པ་དེ་བཞིན་བཟོ་གྲྭ་ནས་ལས་མེད་དུ་གྱུར་བའི་ལས་བཟོ་བ་ཚོར་གུན་གསབ་སྤྲོད་དགོས་པའི་སྐོར་ཡིན་ཞིང་རྒྱ་ནག་ནང་ལོ་ལྟར་བཞིན་བཟོ་པ་དང་ཞིང་པ།ལས་མེད་སོགས་ལས་རིགས་རྣམ་གྲངས་མི་འདྲ་བར་བཞུགས་མཁན་མི་དམངས་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་བ་མཐོང་རྒྱུ་ཡོད་པ་དང་ལྷག་པར་དུ་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དཀའ་ཚེགས་ཅན་དུ་གྱུར་བར་བརྟེན་ནས་རྒྱ་ནག་གཞུང་གིས་དམིགས་བསལ་རྒྱ་ནག་གི་ལས་བཟོ་བར་གླ་ཆ་དུས་ཐོག་ཏུ་སྤྲོད་མི་ཐུབ་པ་དང་ཚོང་ལས་འཕེལ་རྒྱས་ཉམས་རྒུད་དུ་འགྲོ་བ།ལྷག་པར་དུ་ལས་མེད་ཀྱི་གྲངས་འབོར་འཕེལ་རྒྱས་འགྲོ་བའི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་པ་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎