ཁམས་ལི་ཐང་རྫོང་དུ་སླར་ཡང་བོད་མི་བཅོ་ལྔ་འཛིན་བཟུང་བྱས་པ།

ཁམས་ལི་ཐང་རྫོང་དུ་བོད་མི་བཅོ་ལྔ་ནས་ཚོུད་གཉིས་ཙམ་རིང་ཞི་བའི་ངོ་རྒོལ་བྱས་པའི་རྗེས་རྒྱ་ནག་གི་དཔོན་རིགས་ཚོས་འཛིན་བཟུང་བྱས་འདུག

2009.02.16

༄༅༎ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་ཁམས་ལི་ཐང་གནས་སྒོ་དགོན་པ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་ལྷན་གྲུབ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་ཁོང་འཛིན་བཟུང་བྱས་པའི་རྗེས་སླར་ཡང་ཚེས་བཅུ་དྲུག་ཉིན་ཁོང་གི་སྤུན་མཆེད་ལོ་ནི་ཉི་ཤུ་རྩ་དགུ་ལ་སོན་པ་བསོད་ནམ་བསྟན་པ་ལགས་ཞུ་བ་དང་ཁོང་གི་རོགས་པ་བོད་མི་གཞན་བཅུ་བཞི་བཅས་མི་གྲངས་བཅོ་ལྔ་ནས་ཚོུད་གཉིས་ཙམ་རིང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བཞག

རྒྱ་ནག་གི་སྤྱི་བདེ་མི་སྣ་དང་མི་མང་དམག་མིས་ཁོང་རྣམས་འཛིན་བཟུང་བྱས་རྗེས་ཉེས་རྡུང་ཚད་མེད་བཏང་སྟེ་དམག་མིའི་དྲག་འཁོར་ནང་བླུགས་ཏེ་བཙན་འཁྲིད་བྱས་བཞག

གནས་ཚུལ་ཤེས་གསལ་ལྟར་ན་བསོད་ནམ་བསྟན་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ཆེན་པོ་ཞིག་ཁྱེར་ཏེ་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་ལི་ཐང་ཁྲོམ་གཞུང་ནང་སྐད་འབོད་རྒྱབ་བཞིན་ངོ་རྒོལ་གྱི་ལས་འགུལ་དེ་འགོ་འཛུགས་བྱས་བཞག ངོ་རྒོལ་གྱི་ལས་འགུལ་དེ་བཞིན་དངོས་སུ་མཐོང་མཁན་ཞིག་གིས་གསུངས་པར་གཞིགས་ན་བོད་མི་བཅོ་ལྔ་དེ་དག་གིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་༸རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་ཕེབས་རོགས་གནང༌།བོད་རང་བཙན།ལོ་གསར་གཏོང་གི་མིན་སོགས་སྐད་འབོད་སྣ་ཚོགས་བྱས་བཞག

བསོད་ནམ་བསྟན་པ་ལགས་དང་ལྷན་དུ་ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་མཁན་ཁོངས་སུ་རང་ལོ་སུམ་ཅུ་ལ་སོན་པ་བྱམས་པ་ཐོག་མེད་ལགས་དང་རང་ལོ་ཉི་ཤུ་རྩ་དྲུག་ལ་སོན་པའི་དགེ་ལེགས་ཀུན་དགའ་ལགས།རང་ལོ་ཉི་ཤུ་རྩ་གསུམ་ལ་སོན་པའི་བློ་བཟང་བསྟན་འཛིན་ལགས།རང་ལོ་སུམ་ཅུ་སོ་བདུན་ལ་སོན་པའི་བློ་བཟང་ཕན་བདེ་ལགས།རང་ལོ་སུམ་ཅུ་ལ་སོན་པའི་བྱམས་པ་ཡོན་ཏན་ལགས།རང་ལོ་ཉི་ཤུ་རྩ་དགུ་ལ་སོན་པའི་སངས་རྒྱས་ལགས།རང་ལོ་ཉི་ཤུ་རྩ་བརྒྱད་ལ་སོན་པའི་བྱམས་པ་ཚེ་རིང་ལགས།རང་ལོ་སུམ་ཅུ་ལ་སོན་པའི་བློ་བཟང་དབང་ཕྱུག་ལགས།རང་ལོ་ཉི་ཤུ་རྩ་གཅིག་ལ་སོན་པ་བློ་བཟང་བཀྲིས་ལགས།རང་ལོ་སུམ་ཅུ་ལ་སོན་པའི་དགེ་འདུན་ཆོས་འཕེལ་ལགས།རང་ལོ་སུམ་ཅུ་སོ་བདུན་ལ་སོན་པཔའི་དར་རྒྱས་ལགས།རང་ལོ་ཉི་ཤུ་རྩ་དགུ་ལ་སོན་པའི་དགེ་འདུན་ལགས།རང་ལོ་བཞི་ཅུ་ལ་སོན་པའི་བྱམས་པ་ལགས་དང་རང་ལོ་བཞི་ཅུ་ཞེ་གཅིག་ལ་སོན་པའི་ཨ་མདོ་རྒྱལ་མཚན་ལགས་བཅས་ཡིན་འདུག ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་བྱུང་རྗེས་རྒྱ་ནག་གི་དཔོན་རིགས་ཚོས་ལི་ཐང་ནང་བདེ་སྲུང་དམ་བསྒྲགས་ཆེ་རུ་བཏང་བཞག།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎