རྒྱ་ནག་ཀན་སུའུ་ལུང་ནན་ཁུལ་དུ་ཟིང་ཆ་ལངས་བ།

རྒྱ་ནག་ཀན་སུའུ་ཞིང་ཆེན་ལུང་ནན་དུ་ཁང་པ་བཤིག་ཧྲལ་གནས་སྤོས་ཀྱི་རྐྱེན་ལས་གཞི་རྒྱ་ཆེ་བའི་ཟིང་ཆ་ལངས་ཡོད་འདུག

2008.11.19

༄༅༎ཀན་སུའུ་ཤར་ལྷོའི་ལུང་ནན་གྲོང་ཁྱེར་ལྦུའུ་ཏུའུ་ཁུལ་དུ་གཟའ་འཁོར་དེའི་ཚེས་བཅུ་བདུན་ཉིན་སྔ་དྲོ་ནས་འགོ་ཚུགས་པའི་ཟིང་ཆ་དེ་མུ་མཐུད་དེ་རེས་གཟའ་མིག་དམར་དགོང་མོ་གཞི་ནས་ཞོད་འཇགས་བཏང་བ་རེད། གཞུང་ཕྱོགས་ཀྱི་གསར་འགོད་ལས་རིགས་པས་ཟིང་ཆའི་ནང་མང་ཤོས་ལ་མི་ཉིས་སྟོང་ཡས་མས་ཞུགས་ཡོད་པ་འགྲེལ་བཤད་བྱས་ཡོད་པ་དང་མིག་མཐོང་ལག་ཟིན་བྱུང་བའི་མིས་བཤད་ཡག་བྱས་ན་མི་ཁྲི་བརྒལ་ཡོད་པ་རེད། རྒྱ་ནག་གཞུང་གི་དཔོན་རིགས་ནས་ད་ལམ་ཉིན་གཉིས་ཀྱི་ཟིང་ཆའི་ནང་མི་དྲུག་བཅུ་ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་རེད་ཟེ་བཤད་ཡོད་པ་དང་ཤིན་ཧ་གསར་ལས་ཁང་གིས་སྤེལ་བའི་གསར་འགྱུར་གཏོང་སྤེལ་དུ་དེ་རིང་རེས་གཟའ་ལྷག་པའི་སྔ་དྲོར་ལུང་ནན་ཁུལ་གྱིས་སྒྲིག་སྲོལ་གཞི་རྩའི་ཆ་ནས་རྒྱུན་ལྡན་སླར་གསོ་བྱུང་བ་བཀོད་ཡོད། ད་རེས་ལུང་ནན་དུ་གྲོང་ཁྱེར་ལས་ཁུངས་ལ་གདོང་མཆོངས་བྱེད་པའི་དོན་རྐྱེན་དེ་ནི་གྲོང་ཁྱེར་འཛུགས་བསྐྲུན་ཆེད་ཁང་པ་བཤིག་ཧྲལ་གྱིས་ལུང་ནན་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་གནས་སྤོས་བྱེད་པའི་གནད་དོན་ལ་གོ་བསྡུར་བྱས་དོན་མི་དམངས་ནས་གོ་ཐོས་བྱུང་རྗེས་གྲོང་ཁྱེར་ལས་ཁུངས་སུ་ཞུ་གཏུགས་བྱེད་པར་ཡོང་ནས་ཟིང་ཆ་ལངས་ཏེ་སྲིད་གཞུང་ནས་ཉེན་རྟོག་པ་སྟོང་ཕྲག་ཁ་ཤས་བཏང་ནས་མིག་ཆུ་ཤོར་བྱེད་དུག་རྫས་གཏོར་བ་དང་ཉེན་རྟོག་པའི་གློག་རྒྱུགས་གཞུས་པ་བཅས་ཀྱིས་མང་ཚོགས་ཁ་གཏོར་བཏང་བས་མི་མང་པོར་རྨས་སྐྱོན་བྱུང་བ་བཅས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་ཚབས་ཆེའི་ཟིང་ཆའི་དོན་རྐྱེན་དེ་ལངས་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎