རྒྱ་ནག་ཏུ་དྲག་ཆར་གྱིས་མི་༣༤རྐྱེན་ལམ་དུ་བཏང་བ།

རྒྱ་ནག་གི་ཤིའན་ནིང་གྲོང་ཁྱེར་ནང་ཆར་དྲག་ཤུགས་ཆེ་བབ་པའི་རྐྱེན་གྱིས་གྲོང་ཁྱེར་ཆུས་འཁེངས་ཏེ་མཐོ་ཚད་མི་ཊར་གཉིས་ཀྱི་མཐོ་རུ་ཕྱིན་པ།

2011.06.10

༄༅༎དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དབུས་ཧུ་སྦའེ་ཞིང་ཆེན་གྱི་ཤིའན་ནིང་གྲོང་ཁྱེར་ནང་ཆར་དྲག་ཤུགས་ཆེ་བབ་པའི་རྐྱེན་གྱིས་གྲོང་ཁྱེར་ཆུས་འཁེངས་ཏེ་མཐོ་ཚད་མི་ཊར་གཉིས་ཀྱི་མཐོ་རུ་ཕྱིན་ཡོད་པར་བརྟེན། ས་གནས་ཡུལ་མི་ཁྲི་དྲུག་ལྷག་ཉེན་ཡོལ་དུ་གནས་སྤོ་བྱས་དགོས་བྱུང་བ་དང༌། གྲོང་ཁྱེར་དེའི་ནང་དུ་མི་དྲུག་རྐྱེན་ལམ་ཕྱིན་པ་དང༌། མི་ལྔ་ལྷག་གར་སོང་མེད་པར་གྱུར་ཡོད་ཅིང༌། དེ་བཞིན་ཧུ་ནན་ཞིང་ཆེན་གྱི་ཉེ་འདབས་ཀྱི་ཡུའུ་ཡཱང་ས་ཁུལ་ནང་དུ་མི་༡༥ རྐྱེན་ལམ་དུ་ཕྱིན་པ་དང། མི་༢༥ གར་སོང་མེད་པར་གྱུར་ཡོད་པ་རེད།

ད་རེས་དྲག་ཆར་དང་ས་རུད་ཀྱི་གནོད་འཚེ་བྱུང་ཡུལ་ཞིང་ཆེན་དེ་གཉིས་ནི། ཉེ་བའི་ཟླ་བ་འགའ་ཤས་གོང་ལ་ཆར་ཆུ་མི་འབབ་པར་ཐན་པ་བསྟན་ཡུལ་ཞིང་ཆེན་ཁག་གི་ནང་ནས་ཐན་པའི་དཀའ་ངལ་སྡུག་ཤོས་བྱུང་ཡུལ་ཡིན་པ་རེད། ད་རེས་ཀྱི་གཟའ་མཇུག་དེར། ད་དུང་རྒྱ་ནག་གི་ལྷོ་ཕྱོགས་ཀུའང་ཏོང་ཞིང་ཆེན་དང་ཕུའུ་ཅན་ཞིང་ཆེན་གཉིས་ནང་དྲག་ཆར་འབབ་རྒྱུའི་སྔོན་བརྡ་བཏང་ཡོད་པ་དང༌། ཞིང་ཆེན་དེ་གཉིས་ནི་ཐེ་དབན་མཚོ་ཁག་གཉིས་དབར་ལ་དངོས་ཟོག་འོར་འདྲེན་བྱེད་ཡུལ་མཚོ་ལམ་ཡིན་པར་བརྟེན་ནས་སྐྱེལ་འདྲེན་གྱི་ལས་དོན་ལ་ཤུགས་རྐྱེན་ཐེབས་རྒྱུའི་བློ་འཚབ་ཡོད་པ་རེད། རྒྱ་ནག་ནང་ཆར་ཆུ་མི་འབབ་པར་ས་ཞིང་ཐན་པ་བསྟན་པའི་དཀའ་ངལ་འོག་ལོ་ཏོག་མང་པོར་གནོད་འཚེ་བྱུང་ཡོད་ཀྱང་ཁ་སྔོན་གྱི་གཟའ་མཇུག་ཏུ་ཆར་པ་འབབ་་ཐན་པའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་ཆར་དྲག་དེ་ཡིས་ཆུ་ལོག་གི་གནོད་འཚེ་འཕར་མ་བཟོས་ཏེ། ད་ལྟ་བར་ཞིང་ཆེན་༡༢ ནང་དུ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེའི་ནང་ཁྱོན་མི་༡༠༠ ལ་ཉེ་བ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎