ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ནས་བོད་དོན་སྐོར་གླེང་སློང་གནང་རྒྱུ།

ཨོ་སི་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་པེ་ཅིང་ཨོ་ལིམ་པིག་གི་མཛད་སྒོར་ཕེབས་པའི་སྐབས་བོད་དོན་སྐོར་གླེང་དགོས་སྐོར་འབོད་སྐུལ་གནང་འདུག

2008.08.06

༄༅༎ཨོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གེཏ་ཨབ་ཅེས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་སྡེ་དེ་གཉིས་མཉམ་རུབ་ཀྱི་ཐོག་ནས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་མཆོག་ད་རེས་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་པའི་སྐབས་ངེས་པར་དུ་བོད་དོན་སྐོར་བཀའ་མོལ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་ལྟར་ སྲིད་བློན་ར་ཌེ་མཆོག་ནས་ཀྱང་ང་ཚོས་ག་དུས་ཡིན་ནའང་བོད་དོན་ཐོག་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ཅེས་གསུང་གནང་བ་དང་ཆབས་ཅིག་ང་ཚོས་འདས་པའི་དུས་ཡུན་ནང་རྒྱ་ནག་ལྷན་དུ་བོད་དོན་སྐོར་གླེང་ཡོད་ལ་ད་ག་ནང་བཞིན་མ་འོངས་ད་དུང་ཡང་རྒྱ་ནག་གི་ལྷན་དུ་སྒེར་དང་ ཡོངས་གྲགས་གཞུང་འབྲེལ་བརྒྱུད་ནས་བོད་དོན་སྐོར་གླེང་རྒྱུ་ཡིན་ཞེས་སྲིད་བློན་ར་ཌེ་མཆོག་པེ་ཅིང་དུ་ཨོ་ལིམ་པིག་གི་སྒོ་འབྱེད་མཛད་སྒོར་མ་ཕེབས་གོང་དུ་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད་

སྦེ་རེཏ་སོ་ལོ་མན་ ཡིས་ད་རེས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་པེ་ཅིང་དུ་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་ལྷན་དུ་གདོང་ཐུག་གི་སྒོ་ནས་བོད་དོན་སྐོར་གླེང་གནང་རྒྱུ་དེ་ནི་ཕྱི་ཕྱོགས་ནས་ཐོས་ཐུབ་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་རེད་ཅེས་གསུང་ཡོད་པ་དང་ ད་ག་ནང་བཞིན་ཡང་ཨོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ པོལ་སྦོཀ་ ཡིས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་དོན་ཐོག་སེམས་འཚབ་ཡོད་པའི་རྣམ་པ་སྟོན་པ་ཙམ་ལས་དོན་དངོས་སུ་བོད་དོན་ཐོག་དོན་འབྲས་སྨིན་པའི་ལས་དོན་གང་ཡང་བྱེད་ཀྱི་མེད་པ་རེད་ཅེས་གསུང་འདུག་ལ་ཡ་ང་ ཁོང་གིས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ ཀེ་ལྦིན་ར་ཌེ་ མཆོག་དང་དེ་བཞིན་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་མཛད་སྒོའི་ཐོག་མཉམ་ཞུགས་གནང་མཁན་འཛམ་གླིང་གི་དབུ་ཁྲིད་རྣམས་པས་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་རྒྱ་ནག་གཞུང་དང་བཀའ་མོལ་མ་གནང་བར་ཁ་ཁུ་སིམ་པོར་མ་ཞུགས་རོགས་གནང་ཞེས་འབོད་སྐུལ་གནང་ཡོད་པ་རེད་

གོང་ཞུས་ཚོགས་པ་དེ་གཉིས་ཀྱི་སྲིད་བློན་ར་ཌེ་མཆོག་པེ་ཅིང་དུ་ཕེབས་པའི་སྐབས་བོད་དོན་སྐོར་གླེང་གནང་དགོས་པའི་འབོད་སྐུལ་གནང་བ་ཁག་ཨོ་སི་ཀྲོ་ལི་ཡའི་ས་གནས་བརྙན་འཕྲིན་ནང་སྟོན་རྒྱུར་ཨ་རིའི་ཌོ་ལར་སྟོང་ཕྲག་མང་པོ་འགྲོ་གྲོན་བཏང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎