སྲིད་བློན་གྱིས་རང་ལུས་མེར་བསྲེག་གླེང་རྒྱུའི་འབོད་སྐུལ།
2012.08.29
དེ་ཡང་ལས་འགུལ་གོ་སྒྲིག་གནང་མཁན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གྱིས་གསུང་པར། ཕྱི་ཟླ་བརྒྱད་པའི་ཚེས་༢༨ རེས་གཟའ་མིག་དམར་ཉིན་་Germany བོད་དོན་རྒྱབ་སྐྱོར་བ་ཚོས་Genmany རྒྱལ་ས་Berlin ནང་དུ་སྲིད་བློན་ལྕམ་Angele Merkel མཆོག་གི་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ནི། ལྕམ་Angele Markel མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་གྲབས་་ཡོད་པ་དང༌། ཁོང་ད་རེས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་དོན་ནི། རྒྱ་ནག་དང་Germany འབྲེལ་ལམ་རྟོགས་ཞིབ་གནང་བར་ཕེབས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཀྱི་ལྷན་དུ་གཙོ་བོ་དཔལ་འབྱོར་གྱི་གནད་དོན་ཐོག་ལ་བཀའ་མོལ་གནང་གི་ཡོད་ཅིང༌། འོན་ཀྱང་ང་ཚོ་འདིར་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་པའི་དམིགས་ཡུལ་ནི། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་Germany མི་དམངས་ཀྱི་ཤེས་རྟོགས་ཐུབ་པ་དང༌། གནས་སྟངས་དྲིལ་བསྒྲགས་བྱེད་ཐུབ་པའི་ཆེད་ཡིན། ད་དུང་ང་ཚོས་ངོ་རྒོལ་གྱི་ལས་འགུལ་དེ་མ་སྤེལ་བའི་གོང་ལ། སྲིད་བློན་ལྕམ་Angele Merkel མཆོག་ལ་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་ཏེ། ཁོང་ད་རེས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་རྒྱ་ནག་གི་འགོ་ཁྲིད་ལ་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་ཡིན། ཁོང་གིས་དེ་སྔ་འདས་ཟིན་པའི་དུས་ཚོད་ནང་རྒྱ་ནག་གི་འགོ་ཁྲིད་ལ་བོད་ཀྱི་གནས་སྟངས་གླེང་སློང་གནང་མྱོང་ཡོད་པ་དེ་ཚོར་ང་ཚོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་གི་རྒྱལ་ཁབ་གཞན་དང་བསྡུར་ན། Germany ནི་བོད་ཀྱི་གནད་དོན་ཐོག་ལ་བསམ་ཕོད་པ་དང་ཤོད་ཕོད་མཁན་ཁ་ཞེ་གཉིས་མེད་གནང་མཁན་ཞིག་ཡིན་པར་བརྟེན་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སྔར་བས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།