རྒྱ་ནག་ནང་ཨ་སྒོར་ས་ཡ་མང་པོ་ལྐོག་ཟ་བྱས་འདུག

རྒྱ་ནག་ལེའི་ཉིང་ཞིང་ཆེན་ཕང་གྲང་གྲོང་ཁྱེར་གྱི་དཔོན་རིགས་ཟུར་པ་ཞིག་གིས་ཨ་སྒོར་ས་ཡ་མང་པོ་ལྐོག་ཟ་བྱས་ཡོད་པ་རྒྱལ་སྤྱའི་གསར་ལམ་ནས་གནས་ཚུལ་སྤེལ་འདུག

2012.08.29

དེ་ཡང་བྷེ་བྷེ་སེ་གསར་ལམ་ནས་གནས་ཚུལ་སྤེལ་དོན།  ཨ་སྒོར་ས་ཡ་སུམ་ཅུ་སོ་གཅིག་ལྷག་ཙམ་ལྐོག་ཟ་བྱེད་མཁན་ཝང་གོའོ་ཆིང་ནི་དེའི་སྔོན་རྒྱ་ནག་ལེའི་ཉིང་ཞིང་ཆེན་ཕང་གྲང་གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་པ་དང་།  རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། ཝང་གོའོ་ཆིང་ ད་ལོ་ཕྱི་ཟླ་བཞི་པའི་ནང་ཁོ་པས་མ་དངུལ་འཕོན་ཆེན་འཁྱེར་ནས་བཟའ་ཟླ་དང་མཉམ་དུ་ཨ་རིར་བྲོས་བྱོལ་དུ་ཕྱིན་ནས་ད་བར་རྒྱ་ནག་རྒྱལ་ནང་དང་འབྲེལ་བ་ཆད་ལུགས་འཁོད་ཡོད་ཅིང་།  ཡིན་ནའི་ས་གནས་གཞུང་འབྲེལ་དཔོན་རིགས་ནས་ རྒྱ་ནག་གཞུང་ཕྱོགས་ནས་ཝང་གོའོ་ཆིང་གི་ལྐོག་ཟའི་གྱོད་དོན་ཐོག་བརྟག་དཔྱད་བྱེད་བཞིན་པ་དང་།  ཁོ་པ་གུང་ཁྲན་ཚོགས་པ་དང་ལས་གནས་ནས་ཕྱིར་བུད་བྱས་ཟིན་ལུགས་བརྗོད་ཡོད་པ་རེད།    ས་གནས་དཔོན་རིགས་ནས་ཝང་གོའོ་ཆིང་གིས་ལྐོག་ཟའི་མ་དངུལ་ཨ་རིའི་ནང་དབོར་དྲེན་བྱས་ལུགས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་། དེ་བཞིན་ཁོ་པ་དང་ནང་མི་ཚོ་ད་ཆ་ག་པར་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་ཅིང་།  ཡིན་ནའི་ཕང་གྲང་གྲོང་ཁྱེར་གྱི་དྲ་གནས་ཐོག་ཕང་གྲང་གྲོང་ཁྱེར་སྤྱི་ཁྱབ་མའ་ཡན་ཁྲུན་གྱིས་ གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་ཝང་གོའོ་ཆིང་གི་ལས་གནས་ཟླ་བ་དེའི་ཟླ་སྟོད་ནས་རྩིས་ལེན་བྱས་ཟིན་ལུགས་འཁོད་ཡོད་འདུག  རྒྱ་ནག་ནང་མང་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་སྤེལ་ཕྱོགས་ཁྲོད་ཁོང་ཁྲོ་ཆེ་ཤོས་བྱེད་ཡས་ཤིག་ནི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེ་རིགས་ཡིན་པ་དང་།  རྒྱ་ནག་གི་སྲིད་བློན་ཝུན་ཅའ་པའོ་ཡིས་  ལྐོག་ཟ་རུལ་སུངས་ནི་གུང་ཁྲན་ཚོགས་ཚོགས་པའི་དབང་ཆར་ཉེན་ཚབས་བཟོ་གཞི་གཙོ་བོ་དེ་ཡིན་པའི་ཉེན་རྡ་ཐེངས་གཉིས་ཙམ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎