རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་དང་རྒྱལ་ནང་བདེ་འཇགས།

རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་འགྲོ་ལ་ཉེ་སྐབས་འདིར་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་འགན་སྲུང་གི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་དང་སྤྱི་ཚོཊ་བརྟན་ལྷིང་མེད་པ་བཟོ་མཁན་རིགས་ཚར་གཅོད་རྒྱུའི་ཉེན་བརྡ་བཏང་འདུག།

2012.07.18

ད་ལོ་སྟོན་ཁ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་སྲིད་བློན་ཝེན་ཅ་པའོ་གཉིས་ལས་འཁུར་དུས་ཡུན་གཙང་ནས་དགོངས་ཞུ་བྱ་དགོས་ཀྱི་ཡོད་པ་ལྟར། འཛམ་གླིང་ནང་ནས་མི་འབོར་ཆེ་ཤོས་རྒྱལ་ཁབ་རྒྱ་ནག་གི་འགོ་ཁྲིད་ལ་བརྗེ་འགྱུར་་འགྲོ་གི་ཡོད་པ་རེད། རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་དཔོན་རིགས་དང་ཉེན་རྟོག་པའི་དཔོན་རིགས་ཀྱི་ཚོགས་འདུ་ཞིག་གི་སར། རྒྱ་ནག་གི་བདེ་འཇགས་ཉེན་རྟོག་པའི་སྤྱི་ཁྱབ་Zhou Yongkang གིས།  ལྷིང་འཇགས་མེད་པའི་གནས་སྟངས་ཐོག་དྲག་གནོན་ཤུགས་ཆེ་བྱེད་དགོས་རྒྱུའི་བཀའ་བཏང་ཡོད་ལུགས་དེ་རིང་གི་རྒྱ་ནག་ཉིན་རེའི་གསར་ཤོག་གི་མདུན་ཤོག་ཐོག་གནས་ཚུལ་བཀོད་འདུག། Zhou ཡིས་ སྤྱི་ཚོགས་བརྟན་ལྷིང་དང་དུས་བདེ་སྲུང་སྐྱོབ་བྱེད་ཡག་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨པ་འགོ་འཛུགས་བྱ་རྒྱུར་ཧ་ཅང་དགོས་གལ་ཆེ་བའི་ཆ་རྐྱེན་གཙོ་བོ་དེ་རེད་ལ། སྲིད་གཞུང་རིམ་པས་ཨང་དང་པོར་རྩིས་དགོས་སའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཞིག་ཀྱང་རེད་ཅེས་བརྗོད་ཡོད་པ་དང༌། ཡང་ཁོང་གིས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་དྲག་འཐབ་རིང་ལུགས་ལ་ཁ་གཏད་གདོང་ལེན་བྱ་རྒྱུའི་ལས་དོན་གཏིང་གཟབ་ཏུ་བཏང་བ་བརྒྱུད་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་གཞིའི་བྱ་སྤྱོད་རིགས་སྤེལ་མཁན་རྒྱལ་ནང་དང་ཕྱི་ཕྱོགས་དགྲ་བོའི་སྟོབས་ཤུགས་ངན་འཇོམས་བྱ་རྒྱུའི་སྔོན་ཚུད་གྲ་སྒྲིག་ནན་པོ་བྱ་དགོས་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག།

Zhou གི་འགོ་ཁྲིད་པའི་ལས་ཁང་གིས་ རྒྱ་ནག་རྒྱལ་ཡོངས་ནང་གཞུང་དང་ཆབ་སྲིད་ལྟ་སྤྱོད་ལོགས་བཀར་འཛིན་མཁན་དང༌། བོད་དང་ཤར་ཏུར་ཀིསི་ཐན་བཅས་ཀྱི་ནང་རང་དབང་སྒེར་ལངས་བྱེད་མཁན་ཐོག་དྲག་གནོན་བྱ་རྒྱུའི་ལས་འགན་གཙོ་བོ་དེ་འཁྱེར་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎