རྒྱ་ནག་གི་དཔོན་རིཊ་ཚོར་གྲོས་མོལ་བྱེད་འདོད་ཡོད་པ་རེད་ཟེར།
2012.07.09
རྒྱ་ནག་དམར་པོའི་གཞུང་དང་ལྟ་ཚུལ་མ་མཐུན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྙན་གྲགས་ཅན་Dr.Yang Jianli ཡིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བཀའ་གྲོས་ཞུ་རྒྱུའི་འདོད་པ་ཧ་ཅང་ཆེན་པོ་ཡོད་ནའང༌། རྒྱ་ནག་གཞུང་གིས་དངོས་སུ་བཀའ་མོལ་ཞུ་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བཞག།
Dr. Yang Jianli ཉེ་དུས་བཞུགས་སྒར་རྡ་རམ་ས་ལར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་ཆེད་བཅར་ཞུས་ཡོད་པ་དང༌། ཁོང་གིས་ཕ་ཡུལ་གསར་ལམ་ལ་འགྲེལ་བརྗོད་གནང་ཡག་ལ། མི་མང་པོས་རྒྱ་ནག་གཞུང་གིས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུ་རྒྱུའི་འདོད་པ་མེད་སྐོར་བརྗོད་ཀྱི་ཡོད་རུང༌། གནས་ཚུལ་དེ་བདེན་པ་མ་རེད། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་སེམས་ནང་༧གོང་ས་མཆོག་དང་བཀའ་མོལ་ཞུ་འདོད་ཆེན་པོ་ཡོག་རེད་དེ། རྒྱ་ནག་གིས་རྩོད་ལེན་བྱེད་ཡག་དེ་ཚོ་རྫུན་གཏམ་དང་དྲང་བདེན་མིན་པའི་སྐད་ཆ་ཁོ་ན་ཡིན་སྟབས། ༧གོང་ས་མཆོག་དང་བཀའ་གྲོས་ཞུ་ཐུབ་ཀྱི་མེད་སྐོར་ Dr.Yang Jianli འགྲེལ་བརྗོད་གནང་འདུག
རྒྱ་ནག་ནང་དམངས་གཙོའི་ལམ་སྲོལ་དར་འཕེལ་གཏོང་ཐབས་ཀྱི་ལས་འགུལ་སྣེ་ཁྲིད་གནང་མཁན་ Dr.Yang Jianli ཡིས་རྒྱ་ནག་དབུས་གཞུང་ལ་བློ་གྲོས་མེད་པ་དང༌། གཞུང་གི་སྲིད་བྱུས་དྲང་བདེན་ཞིག་མེད་དུས། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་དོན་དམ་གྱི་བཀའ་གྲོས་ཞུ་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་གནང་བཞག།