༧གོང་ས་མཆོག་མཐོ་རིམ་མི་སྣར་མཇལ་འཕྲད་སྔོན་འགོག
2012.08.13
ཨ་རིའི་གསར་ལས་ཁང་ཨེ་ཁུ་ཛམ་ནེར་ཞེས་བས་གནས་ཚུལ་སྤེལ་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོཌ་མེད་གཅིག་པུར་འཇོག་ཐབས་སུ་། རྒྱ་གཞུང་གིས་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་༧གོང་ས་མཆོག་མཇལ་འཕྲད་ག་དུས་ཞུས་པ་ཡིན་ནའི་དེར་ངོ་རྒོལ་སྐྱོན་བརྗོད་ཞུ་ཡི་ཡོད་སྐོར་གནས་ཚུལ་སྤེལ་ཡོད་། ཨ་རིའི་གྲོས་ཚོཌ་ཀྱིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་བོད་ཀྱི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནང་གི་གནད་དོན་ཚོར་རྣོར་ཆེ་ཤོས་ཤིག་ཡིན་པ་དང་རྒྱ་གཞུང་གིས་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཕྱི་ལོ་༡༩༨༩་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་ཕྱི་ལོ་༢༠༠༦་ལོའི་ཨ་རིའི་གྲོས་ཚོཌ་ཀྱི་གསེར་གྱི་གཟེངས་རྟགས་དགྱེས་བཞེས་མཛད་མཁན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་སྔོན་འགོག་ཆེད་ལས་འགུལ་བཙན་ཤུཌ་ཆེན་པོའི་སྒོ་ནས་སྤེལ་གྱི་ཡོད་སྐོར་འཁོད་ཡོད་པ་རེད་། རྒྱ་ནག་གཞུང་གིས་དགག་པ་རྒྱབ་མིན་ལ་མ་ལྟོས་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ལན་གཉིས་གནང་ཡོད་ཅིང་། ཨ་རིའི་སྲིད་འཛིན་ལས་ཁང་ཕོ་བྲང་དཀར་པོའི་ནང་ཕྱི་ལོ་༢༠༡༠་དང་ཕྱི་ལོ་༢༠༡༡་ལོའི་ཕྱི་ཟླ་བདུན་པའི་ནང་གནང་ཡོད་པ་རེད་ བོད་ནང་གི་བོད་མི་གཅིག་རྗེས་གཉིས་མཐུད་ཀྱིས་རང་གི་སྐུ་ལུས་མེར་སྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་བཞིན་པ་ཐེ་བའི་བོད་ནང་གི་དངོས་བདེན་གནས་ཚུལ་སྐོར་འཛམ་གླིང་གི་ཚཌ་པར་ཁག་ནང་ཐོན་ནས་རྒྱ་ནག་ལ་མཐོང་ཚུལ་སྡུག་ཆཌ་ཡོང་གི་ཡོད་པས་ན་རྒྱ་གཞུང་གིས་བོད་མིས་རང་ལུས་མེར་བསྲེག་བཏང་བ་སོཌ་ཏ་ལའི་བླ་མ་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བརྒྱུད་བསྐུལ་གནང་ཚུལ་མ་ཉེས་ཁ་གཡོག་དཀྲིས་ཀྱི་ཡོད་པ་མ་ཟད་། རྒྱལ་སྤྱིའི་སྤྱི་ཚོཌ་སྤྱི་དང་ལྷག་དོན་དུ་ཨ་མེ་རི་ཀས་ཏ་ལའི་བླ་མས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་བའི་དགོངས་གཞིར་རྒྱབ་སྐྱོར་ཞུ་ཡི་ཡོད་ཚུལ་མ་ཉེས་ཁ་གཡོག་དཀྲིས་པའི་ཁ་སྣོན་དུ་ནུབ་ཕྱོཌ་པའི་སྟོབས་ཤུཌ་ཁག་གིས་ཏ་ལའི་བླ་མར་རྒྱབ་སྐྱོར་ཞུ་དོན་ནི་རྒྱ་ནག་ནས་བོད་ཁ་བྲལ་གཏོང་འདོད་ཡོད་པའི་རྐྱེན་གྱིས་ཡིན་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅེས་དང་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ནི་ཐེ་ཝན་གྱི་གནད་དོན་དང་མཚུངས་པར་ཆེས་ཚོར་རྣོར་ཅན་དང་གལ་འགངས་ཆེན་པོ་རྩིས་ཀྱི་ཡོད་པའི་གནས་ཚུལ་འདུག།