བོད་མི་གནས་སྤོར་དགོས་པའི་བཙན་བཀའ་བཏང་འདུག

བོད་གོ་འཇོ་རྫོང་འོག་ས་གནས་བོད་མི་ཁྱིམ་ཚང་༤༠༠ བརྒལ་བ་རྒྱ་གཞུང་གིས་བཙན་དབང་འོག་གནས་སྤོར་བྱེད་དགོས་པའི་བཀའ་བཏང་ནས་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

2012.08.22

བང་ཆེན་ནས་གནས་ཚུལ་སྤེལ་དོན། ཟླ་འདིའི་ཕྱི་ཚེས་༡༦ ནས་འགོ་འཛུགས་ཀྱིས་ཁམས་གོ་འཇོ་རྫོང་གི་སྨད་མདོ་ཤང་གི་གྲོང་སྡེའི་དུད་ཚང་རྣམས་གནས་སྤོ་དགོས་པའི་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ། དུད་ཚང་རེ་རེ་བཞིན་ཐོ་འགོད་བྱེད་བཞིན་འདུག་ལ།  ཚེས་༡༦ ནས་ཚེས་༢༡ བར་དུད་ཚང་༤༠༠ ཙམ་ལ་བཙན་དབང་གིས་ཐོ་འགོད་བྱས་བཅུག་འདུག འོན་ཀྱང་གནས་སྤོ་གཏོང་སའི་ས་གནས་དང་།  ཁོང་ཚོ་ས་ཆ་དེ་ནས་གནས་སྤོ་དགོས་པའི་རྒྱུ་མཚན་སོགས་མི་མང་ལ་གསལ་བཤད་བྱས་མེད་པ་རེད།

ཡུལ་མི་དང་རྒྱ་གཞུང་གི་ལས་བྱེད་ཁ་ཤས་ཀྱིས། འབྲི་ཆུ་བཀག་རྒྱུའི་ལས་གཞི་ཞིག་ཡོད་པ་དེ་འགོ་འཛུགས་འཆར་རེད་ཟེར་བ་དང་། ཡང་ཁ་ཤས་ཀྱིས་ཟེར་ན་ལུང་པའི་དེའི་ནང་གཏེར་ཁ་ཕོན་ཆེན་ཡོད་པ་བསྔོག་རྒྱུ་ཡིན་གྱི་རེད་ཅེས་ཚོད་དཔག་ལྟ་བུ་བྱེད་ཀྱི་ཡོད་འདུག

ཡུལ་མི་དེ་རྣམས་ཁ་གཅིག་གྲགས་ཀྱིས་ང་ཚོ་གང་དུ་གནས་སྤོ་བྱས་ཀྱང་། ས་གནས་དེར། རེ་ཁེ་དགོན་ཆེན་དང་། བྲག་དམར་དགོན་པ། དགོན་གསར་དགོན་བཅས་དགོན་སྡེ་ཁག་སྔར་ལས་ལྷག་པ་ཞིག་བཞེངས་དགོས་ཞེས་བཤད་ཡོད་འདུག སྤྱིར་སྔོན་མ་ནས་རྒྱ་གཞུང་གིས་ས་གནས་དེའི་སྡེ་དགོན་རྣམས་གནས་སྤོ་དགོས་ཞེས་བཤད་ཀྱི་ཡོད་ནའང་། ད་བར་སྡོད་ཐུབ་སོང་། ད་ནི་གོང་རིམ་གྱིས་གནས་སྤོ་མ་བྱས་ན་མི་ཆོག་ཅེས་བཤད་ཡོང་དུས་ང་ཚོས་ཐོ་འགོད་མི་བྱེད་ཀ་མེད་ཆགས་ཀྱི་འདུག  རྗེས་སུ་ས་ཆ་ག་འདྲ་ཞིག་ལ་གཏོང་ཡོང་བསམ་ནས་ས་གནས་ཀྱི་མི་མང་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎