ཆུ་དོང་གསར་འཛུཊ་ཐད་ས་གནས་མི་མང་གིས་ངོ་རྒོལ།

རྒྱ་ནག་ཆིན་ཏོང་གྲོང་ཁྱེར་ནང་ཆུ་དོང་གསར་འཛུཊ་ཐད་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་རྗེས་གསར་ལམ་ཁག་གིས་གཞུང་འཛིན་དཔོན་རིགས་ཚོས་མང་ཚོགས་ཀྱི་བློ་འཚབ་ལ་ཉན་འཇོག་དགོས་བའི་འབོད་སྐུལ་བྱས་འདུག

2012.07.30

རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་ལྟ་སྤྱོད་དྲིལ་བསྒྲགས་བྱེད་ས་གཙོ་བོར་རྩིས་སའི་རྒྱ་ནག་ཉིན་རེའི་གསར་ཤོག་གི་རྩོམ་སྒྲིག་པའི་གླེང་བརྗོད་ནང༌། ཁོར་ཡུག་གི་གནད་དོན་དང༌། མི་མང་གི་ཐོབ་ཐང་སྐོར་མང་ཚོགས་ཀྱི་གོ་རྟོགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསལ་སྟོན་དང་འབྲེལ་། དེ་འདྲའི་དུས་ཚོད་སྐབས་རྒྱ་ནག་གཞུང་གིས་ གུ་ཡངས་ལྡན་པའི་ཕྱི་གསལ་ནང་གསལ་གྱི་ཐག་གཅོད་ལམ་ལུགས་གསར་འཛུགས་དང་འབྲེལ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་འཇོག་ཐུབ་པའི་བཟོད་སྲན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་རྒྱུའི་འབད་བརྩོན་བྱེད་དགོས་ཀྱི་རེད་ཅེས་བཀོད་འདུག།

རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཤར་ཕྱོགས་གྲོང་ཁྱེར་Qidong གི་གཞུང་འཛིན་འགོ་ཁྲིད་ཚོས་ གྲོང་ཁྱེར་དེའི་ནང་ཆུ་དོང་གསར་འཛུགས་བྱ་རྒྱུའི་ལས་གཞི་དེ་དག་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་འདུག    ཁུལ་དེའི་མི་མང་ནས་ཉི་ཧོང་ལ་དབང་བའི་ཤོག་བུའི་བཟོ་གྲྭའི་ཆུ་དོང་གསར་འཛུགས་བྱ་རྒྱུ་ཡིན་པ་དེས་ཉེ་འཁྲིས་ཀྱི་ཉ་འཛིན་གྲུ་ཁའི་ཆུ་ལ་སྦག་བཙོག་བཟོ་རྒྱུའི་འཇིགས་སྣང་བྱས་ཏེ། བདུན་སྔོན་མ་གྲོང་ཁྱེར་དེའི་ནང་གི་མང་ཚོགས་སྟོང་ཕྲག་མང་པོ་སྲང་ལམ་དུ་ཐོན་ནས་གཞུང་གི་ལས་ཁང་དང་འགྲུལ་ཁོར་ཐོག་གཏོར་བཅོམ་བྱས་ནས་ངོ་རྒོལ་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་སུ་ཐོན་སྐྱེད་བཟོ་གྲྭའི་ཐོག་རྒྱབ་རྟེན་ཤུགས་ཆེ་བྱེད་མཁན་རྒྱ་ནག་ནང་བཟོ་གྲྭ་ཁག་ནས་ཁོར་ཡུག་ལ་སྦག་བཙོག་བཟོ་གཞིའི་དོན་རྐྱེན་མང་པོ་ཞིག་ཡོང་གི་ཡོད་སྟབས། གཞུང་ནས་ཁོར་ཡུག་ལ་སྦག་བཙོག་བཟོ་མཁན་ཐོག་སྟངས་འཛིན་ཡག་པོ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་རྒྱ་ནག་ནང་ཉིན་རེ་ནས་ཉིན་རེ་མང་དུ་འགྲོ་གི་ཡོད་པ་རེད། སྔ་ལོ་རྒྱ་ནག་གི་མཚོ་ཁའི་གྲོང་ཁྱེར་Dalian ནང་མང་ཚོགས་ཀྱིས་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱས་རྗེས་ས་གནས་གཞུང་གིས་རྫས་སྦྱོར་བཟོ་གྲྭ་ཞིག་གནས་སྤོས་བྱ་དགོས་བྱུང་བ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎