ལྷ་སར་རྒྱ་སྒོར་ཐེར་འབུམ་སུམ་ཅུའི་ཡུལ་སྐོར་འཛུཌ་སྐྲུན་ལས་གཞི།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་རུ་གཏོང་རྒྱུར་རྒྱ་སྒོར་ཐེར་འབུམ་༣༠ལྷག་གི་འཛུགས་སྐྲུན་ལས་འཆར་ཞིག་དེ་རིང་ནས་འགོ་འཛུགས་ཡོད་འདུག

2012.07.09

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡུལ་སྐོར་སྤྲོ་འཆམ་པ་གང་མང་མང་ཡོང་ཐུབ་རྒྱུར་རྒྱ་མིའི་དངུལ་ལོར་ཐེར་འབུམ་༣༠འི་འཛུགས་སྐྲུན་ལས་འཆར་ཞིག་དེ་རིང་ནས་འགོ་འཛུགས་བྱས་ཡོད་པ་རེད།
གྲོང་ཁྱེར་ལྷ་སའི་སྤྱི་ཁྱབ་གཞོན་པ་ Ma Xinming གིས་རྒྱལ་ས་ལྷ་སའི་ནང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་ལས་འཆར་དེའི་འོག་ རྒྱ་ས་ཀོང་ཇོའི་དྲན་རྟེན་སྤྱི་གླིང་ཞིག་དང་། ལྷ་ས་ཁུལ་གྱི་ཚོང་ལས་གོང་འཕེལ་གཏོང་རྒྱུ། མང་ཚོགས་ཀྱི་སྡོད་ཁང་གསར་རྒྱག་བྱ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་སྐོར་འགྲེལ་བརྗོད་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག་ལ། འཛུགས་སྐྲུན་ལས་གཞི་རིམ་པ་དང་པོ་དེ་གྲོང་ཁྱེར་ལྷ་ས་ནས་རྒྱང་ཚད་ཀི་ལོ་མི་ཊར་གཉིས་སར་འགོ་འཛུགས་བྱ་རྒྱུ་དང་ལས་འཆར་དེ་མཇུག་བསྒྲིལ་བྱ་རྒྱུར་དུས་ཡུན་ལོ་གསུམ་ནས་ལྔ་བར་འགོར་སྲིད་རྒྱུ་ཡིན་སྐོར་བརྗོད་འདུག།
༢༠༠༨ལོའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བོད་མི་ཚོས་ངོ་རྒོལ་སྒེར་ལངས་ཐོག་མ་དེ་རྒྱལ་ས་ལྷ་ས་ནས་འགོ་འཛུགས་ཀྱིས་རིམ་བཞིན་བོད་ས་ཡོངས་ལ་ཁྱབ་པ་ནས་བཟུང་རྒྱ་ནག་གཞུང་གིས་གྲོང་ཁྱེར་ལྷ་སའི་ནང་བོད་མི་ཚོའི་ཐོག་དམ་བསྒྲཌ་ཤུགས་ཆེ་མུ་མཐུད་བྱ་མུས་ཡིན་པ་མ་ཟད། ཉེ་དུས་ཕྱི་ཟླ་༥ཚེས་༢༧ཉིན་ལྷ་ལྡན་གཙུག་ལག་ཁང་གི་མདུན་བོད་པའི་ན་གཞོན་གཉིས་ནས་སྐུ་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བའི་གནས་ཚུལ་བྱུང་བ་ནས་བཟུང་རང་སྐྱོང་ལྗོངས་ཕྱི་ནང་གཉིས་ནས་ལྷ་སར་གནས་སྐོར་དང་ལས་དོན་གཞན་ཆེད་ཡོང་མཁན་བོད་མི་ཚང་མའི་ཐོག་རྒྱ་མིས་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ལྷ་སའི་ཁུལ་ཡོད་པའི་བོད་ཀྱི་གདན་ས་སེར་འབྲས་དགའ་གསུམ་ནང་ཆོས་བྱེད་དགེ་འདུན་པ་ཚོའི་ཆོས་དད་རང་དབང་ཐོག་ལའང་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡོངས་གྲགས་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་ཚོར་ཆོས་དད་རང་དབང་སྤྲད་ཡོད་པ་དང༌། རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་གྱི་ལས་གཞི་ཁག་གིས་བོད་མི་ཚོར་ཁེ་ཕན་ཆེན་པོ་ཐོབ་ཡོད་ཚུལ་གྱི་འདོད་གཏམ་སྣ་ཚོགས་བཤད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎