ཤིན་ཅང་དུ་བྱ་ནད་རྐྱེན་ཁྱིམ་བྱ་མང་པོ་སྡེབ་གསོད།

རྒྱ་ནག་ཤིན་ཅང་དུ་བྱ་ནད་ཡོད་པའི་གནས་ཚུལ་ཐོན་རྗེས་ཁྱིམ་བྱ་འབུམ་གཅིག་དང་ཁྲི་ལྔ་སྡེབ་གསོད་བཏང་འདུག

2012.07.03

ཤིན་ཅང་ནང་དུ་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་ནས། ཤིང་ཅང་དུ་བྱ་ནད་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། ཁྱིམ་བྱ་འབུམ་གཅིག་དང་ཁྲི་ལྔ་སྡེབ་གསོད་བཏང་བའི་སྐོར་བཤད་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་ཤིང་ཅང་གི་སོ་ནམ་ལྷན་ཁང་གིས་བཤད་དོན། ཤིང་ཅང་ནང་དུ་བྱ་ནད་H5N1ཐོག་མར་ཐོན་པའི་སྐབས་ཁྱིམ་བྱ་ལྔ་སྟོང་ལྔ་བརྒྱར་བྱ་ནད་འགོས་ཁྱབ་བྱུང་བར་བརྟེན་ཁྱིམ་བྱ་ཆིག་སྟོང་དྲུག་བརྒྱ་བསད་པ་དང༌། དེ་རྗེས་བྱ་ནད་དེ་འཕེལ་རྒྱས་མི་འགྲོ་བ་འགོག་ཐབས་ཀྱི་ཆེད་དུ་བྱ་ནད་ཐོན་ཡུལ་ས་ཁུལ་ལོགས་སུ་ལྟ་རྟོགས་འོག་བཞག་པ་མ་ཟད། སླར་ཡང་ཁྱིམ་བྱ་འབུམ་གཅིག་དང་ཁྲི་ལྔ་ལྷག་སྡེབ་གསོད་བཏང་བའི་སྐོར་དང༌། ད་དུང་བྱ་ནད་ཐོག་མར་ཤིང་ཅང་ནང་དུ་ཕྱི་ཟླ་དྲུག་པའི་ཚེས་༢༠ ཉིན་ཐོན་པ་དང༌། འོན་ཀྱང་བྱ་ནད་H5N1 ཡིན་པ་རེས་གཟའ་ཟླ་བའི་ཉིན་གཏན་འཁེལ་བྱུང་ཡོད་པའི་སྐོར་ཡོད་པ་རེད། ཤིང་ཅང་གི་སོ་ནམ་བློན་ཆེན་གྱིས་གསར་འགོད་པར། བྱ་ནད་ཐོན་ཡུལ་གྱི་ས་ཁུལ་གང་དུ་ཡིན་པའི་ས་གནས་ཁ་གསལ་བཤད་མེད་ཅིང༌། འོན་ཀྱང་ཤིང་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་མཉམ་ལས་ཀྱིས་གཉེར་བའི་བྱ་གསོ་ཁང་དུ་བྱ་ནད་བྱུང་ཡོད་པ་བཤད་ཡོད་པ་རེད། ཤིང་ཅང་གི་ས་ཁུལ་དེ་ནི་དབུས་ཨེ་ཤི་ཡའི་ས་མཚམས་འཁེལ་ཡུལ་ཞིག་དང༌། ཡུ་གུ་གྲངས་ཉུང་མི་རིགས་ས་ཡ་དགུ་གནས་སྡོད་བྱེད་ཡུལ་ཡིན་ཞིང༌། རྒྱ་ནག་ཕྱོགས་ནས། རྒྱ་ནག་གི་ས་ཁུལ་ནང་ནས་ཤིང་ཅང་ནི་བྱ་ནད་ཐོན་ཡུལ་ཉེན་ཁ་ཆེ་བའི་ས་ཁུལ་ཞིག་ཡིན་པ་ངོས་འཛིན་བྱེད་པ་དང༌། དེ་ནི་ཤིང་ཅང་ནི་འཛམ་གླིང་ནང་ནས་ཁྱིམ་བྱ་གྲངས་འབོར་མང་ཤོས་གསོ་སྐྱོང་བྱེད་ཡུལ་ཞིག་ཡིན་པ་མ་ཟད། གྲོང་གསེབ་ས་ཁུལ་ནང་དུ་ཁྱིམ་བྱ་དེ་ནི་མི་དང་འཚོ་བ་མཉམ་དུ་བསྐྱལ་བའི་གོམས་གཤིས་ཡོད་པའི་རྒྱུ་མཚན་ཤོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎