བོད་ནང་ཕྱིའི་གསར་ལམ་ལ་དམ་དྲག་ཡོད་པའི་སྙན་ཐོ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་ཕྱའི་གསར་ལམ་གནས་འཕྲིན་ཐད་དམ་དྲག་བྱེད་བཞིན་པའི་སྙན་ཐོ་བཏོན་འདུག

2012.07.16

བདུན་ཕྲག་སྔོན་མར་སྤེལ་བའི་སྙན་ཐོ་ནང་། བོད་ནང་གི་བོད་མི་ཚོ་ཕྱི་ཕྱོགས་ཀྱི་གསར་འགྱུར་ཉན་མ་ཐུབ་པ་བཟོ་ཡག་དང༌། ལྷག་པར་དུ་གྲོང་གསེབ་ཁག་ཐེ་བའི་བོད་སྤྱི་ཡོངས་ཀྱི་ནང་བོད་མི་ཚོ་སོ་སོའི་དབུ་ཁྲིད་༧གོང་ས༧ཏཱ་ལའི་བླ་མ་མཆོག་གི་གསུང་དང་བཙན་བྱོལ་བོད་མི་ཚོའི་བསམ་ཚུལ་གོ་མ་ཐུབ་པ་བཟོ་རྒྱུའི་དམིགས་ཡུལ་གཙོ་བཟུང་བྱས་ཏེ་རྒྱ་ནག་གཞུང་གིས་ཐབས་ཇུས་དེ་ལག་བསྟར་བྱེད་ཀྱི་ཡོད་པའི་རྣམ་པ་ཐོན་གྱི་ཡོད་སྐོར་གསལ་བཏོན་གནང་འདུག།
ཉེ་སྔོན་ཕྱི་ཟླ་༦ཚེས་༢༧ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo ལ་གནས་འདྲི་བྱས་པའི་ལན་འདེབས་བྱས་པར་
བོད་ནང་གསར་འགྱུར་ཐོག་དམ་བསྒྲཌ་བྱེད་བཞིན་པ་དེའི་དམིགས་ཡུལ་ནི་
བོད་ཀྱི་བསམ་བློ་དང་རིག་གཞུང་གི་ཁོར་ཡུག་ལ་གནོད་འཚེ་མི་ཡོང་བའི་བདེ་འཇགས་འགན་སྲུང་བྱ་རྒྱུའི་དོན་དུ་ཡིན་ཁུལ་བརྗོད་ཡོད་པ་རེད།
བོད་ནང་གི་བོད་མིའི་ཚོའི་གནས་ཚུལ་ཡོང་ཁུངས་ཐོག་དམ་བསྒྲཌ་བྱེད་བཞིན་པའི་འོག། བོད་ཁྱོན་ཡོངས་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཁུལ་བོད་མི་ཚོས་གནས་འཕྲིན་དྲ་རྒྱ་བེད་སྤྱོད་བྱེད་མི་ཆོག་པ་དང༌། ཁ་པར་ཐོག་ནས་བརྡ་འཕྲིན་གཏང་མི་ཆོག་པ། ལག་འཁྱེར་ཁ་པར་བདག་དབང་བྱེད་མི་་ཆོག་པ། རོལ་དབྱངས་འགྲེམས་སྤེལ་བྱེད་མི་ཆོག་པ། ཡིག་ཆ་པར་སློག་རྒྱབ་མི་་ཆོག་པ་སོགས་ཀྱི་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཚད། རྒྱ་ནག་གཞུང་གིས་དེའི་ལྡོག་ཕྱོགས་དྲིལ་བསྒྲགས་བརྙན་འཕྲིན་གྱི་ལས་རིམ་དང་པོ་ནས་བཀོད་སྒྲིག་བཞག་པའི་སྲུང་སྐར་སྡེར་མ་བགོས་འགྲེམས་དང༌། ཞིང་ཁུལ་ས་གནས་ལ་སློབ་གསོ་སྤྲོད་རྒྱུའི་ལས་རིམ་དང༌།རྒྱ་གཞུང་གི་ལྟ་སྤྱོད་མཚོན་པའི་དཔེ་དེབ་བགོས་འགྲེམས། དེ་མིན་གློག་བརྙན་སོགས་བསྟན་པའི་བརྒྱུད་བོད་མི་ཚོའི་བསམ་བློ་ཁ་སྒྱུར་བྱ་རྒྱུའི་ཐབས་ཤེས་འདྲ་མིན་ལག་བསྟར་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་ལ་ཁ་གཏད་གདོང་ལེན་བྱ་རྒྱུ་ཡིན་ཟེར་བའི་ལས་འགུལ་འོག། བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང༌། ཆོས་དད་རང་དབང་། འགྲུལ་བཞུད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་བཞིན་ཡོད་པའི་སྐོར་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་Sophie Richardson གིས་འགྲེལ་བརྗོད་གནང་བཞག།
ཟླ་བ་སྔོན་མ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Guanguo ཡིས་ བོད་ནང་གི་གཞུང་འབྲེལ་ལས་བྱེད་པ་ཚོར།  དབུས་གཞུང་གི་བཀོད་ཁྱབ་དང་གནས་ཚུལ་ཁག་སྤྱི་ལེ་གྲུ་གཞི་མ་སྟོང་ཕྲག་༡༢༠སར་ཁྱབ་ཐུབ་པ་བཟོ་དགོས་རྒྱུ་དང༌། བོད་ནང་ཏཱ་ལའི་རུ་ཚོགས་ཀྱི་སྒྲ་དང་གནས་ཚུལ་ཐོག་གང་ཡང་མཐོང་ཐོས་མ་ཐུབ་པའི་དམ་བསྒྲཌ་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎