ཉེ་ཧོང་གིས་བོད་དོན་ཐོག་གནོན་ཤུགས་སྤྲོད་པར་རྒྱ་ནག་ནས་མི་འདོད་པའི་རྣམ་འགྱུར་བསྟན་པ།

ཉེ་ཧོང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་པར་རྒྱ་ནག་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག

2008.04.17

༄༅༎ཉེ་ཧོང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲོད་བཞིན་པར་རྒྱ་ནག་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག

འདས་པའི་ཉི་མ་འགའ་ཤས་གོང་ཉི་ཧོང་གི་ཁོར་ཡུག་བློན་ཆེན་རྒྱ་ནག་ཏུ་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་ཚོར་བོད་ཀྱི་གནད་དོན་སེལ་ཐབས་སུ་༧གོང་ས་མཆོག་དང་གྲོས་མོལ་གནང་དགོས་རྒྱུའི་སྐོར་ཉི་ཧོང་གི་སྲིད་བློན་གྱི་དགོངས་ཚུལ་བརྡ་ལན་སྤྲད་ཡོད་པ་དང་། ད་རེས་སླར་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཉི་ཧོང་དུ་འཚམས་འདྲིར་ཕེབས་པའི་སྐབས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མཆོག་ནས་འདིའི་སྐོར་ནན་བརྗོད་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གིས་ཡང་བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་ནང་གི་གནད་དོན་ཞིག་རེད་ཅེས་གསུངས་ནས་ཡང་སེ་གནོན་ཤུགས་སྤྲད་པར་མི་འདོད་པའི་རྣམ་པ་བསྟན་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་རིང་མིན་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་ཉི་ཧོང་དུ་འཚམས་འདྲི་གཟིགས་བསྐོར་གནང་གི་ཡོད་པ་ནི་ལོ་མང་པོའི་རྗེས་རྒྱ་ནག་གི་སྲིད་འཛིན་ཉི་ཧོང་དུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་ལ་ཡུལ་གཉིས་བར་དེ་སྔའི་སྲིད་བློན་ཁག་ཅིག་དང་མི་འདྲ་བས་འབྲེལ་ལམ་ཟབ་ཏུ་གཏང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་རེད། རྒྱ་ནག་གི་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་ཤུཊ་ཆེ་བྱས་པའི་རྗེས་ཉི་ཧོང་གི་གཞུང་འབྲེལ་ཙམ་མ་ཡིན་པར་མཁས་དབང་མང་པོས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་དང་ཞི་འགྲིགས་ཀྱི་གྲོས་མོལ་ཞུ་དགོས་རྒྱུ་ནི་རྒྱ་ནག་རང་ཉིད་ཀྱི་ཆེ་མཐོང་ལ་ཁེ་ཕན་ཡོང་གི་རེད་ཅེས་འབོད་སྐུལ་ཞུས་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎