༸གོང་ས་མཆོག་དང་ལྷན་གྲོས་མོལ་རེ་འདུན་བཏོན་པ།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་གནང་དགོས་བ་བཤད་འདུག།

2012.07.13

དེང་སང་བོད་ནང་དུ་བོད་མི་ཚོ་རྒྱ་ནག་གི་དམ་དྲག་འཁྲེགས་འཛིན་གྱི་སྲིད་ཇུས་འོག་སྡོད་མ་བཟོད་པར་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་མུ་མཐུད་བྱུང་བཞིན་པའི་གནས་སྟངས་ཛ་དྲག་སྐབས། ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧེ་ལི་རི་ཁི་ལིན་ཊོན་ Hillary Clinton མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཅི་ Yang Jiechi ལ་རྒྱ༌ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་གནང་དགོས་པའི་རེ་འདུན་བཏོན་ཡོད། ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ཐེངས་འདིར་ཁེམ་བྷོ་ཌི་ཡའི་ Cambodia རྒྱལ་ས་ནོམ་ཕེན་ Phnom Penh དུ་གཞུང་དོན་འཚམས་གཟིགས་སྐབས་རྒྱ་ནག་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་གནང་སྟེ་རེ་འདུན་བཏོན་པ་ཞིག་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎