ཨ་རིའི་བདེ་སྲུང་དྲུང་ཆེ་རྒྱ་ནག་གི་ཞི་ཅིན་ཕིན་དང་ཐུག་འཕྲད་།

ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་ལེན་ཕེན་ཀྲ་མཆོག་གི་རྒྱ་ནག་ནང་གི་གཟིགས་སྐོར་དེ་ཉིན་གཅིག་ཕར་འགྱངས་གནང་སྟེ། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕུན་དང་མཇལ་འཕྲད་གནང་གཏན་འཁེལ་འདུག

2012.09.17

དེ་རིང་ཨ་རིའི་བདེ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་དོན། མ་འོངས་རྒྱ་ནག་གི་དབུ་ཁྲིད་དུ་ཕལ་ཆེར་ངེས་པ་ཞི་ཅིང་ཕིན་བདུན་ཕྲག་གཉིས་ཙམ་རིང་མཐོང་རྒྱུ་མེད་པ་ཆགས་ཡོད་ཀྱང་། ད་ལྟ་ཨ་རིའི་བདེ་སྲུང་དྲུང་ཆེ་ཆེན་མོ་མཆོག་དང་མཇལ་འཕྲད་གནང་གཏན་འཁེལ་ཡོད་པ་དང་། དེའི་ཆེད་ཨ་རིའི་བདེ་སྲུང་དྲུང་ཆེ་ཆེན་མོ་Leon Panetta མཆོག་ཉིན་གྲངས་གསུམ་རིང་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་བཞིན་ཉིན་གཅིག་ཕྱིར་འགྱངས་བྱས་ཡོད།

རྒྱ་ནག་གི་སྲིད་བློན་གཞོན་པ་ཞི་ཅིང་ཕིན་དང་། ཨ་རིའི་བདེ་སྲུང་དྲུང་ཆེ་Panetta རྣམ་གཉིས་རེས་གཟའ་ལྷག་པ་ཉིན་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎