དོན་ཚན་༡༡ཅན་གྱི་ཡིག་ཆ།


2013.02.28
རྒྱ་ནག་གི་གཞུང་འབྲེལ་དྲ་གནས་ཐོག་འདོན་སྤེལ་བྱས་པའི་དོན་ཚན་༡༡ཅན་གྱི་ཡིག་ཆ།
དྲ་གནས་ནས་པར་ལེན་ཞུས།

༄༅།    །དེ་རིང་ཕྱི་ཚེས་ ༢༨ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་རྒྱ་ནག་གི་གཞུང་འབྲེལ་དྲ་གནས་ཐོག་འགོ་བརྗོད་དུ་ཚེ་སྲོག་ལ་གཅེས་འཛིན་དང་ཁྲིམས་ལུགས་སྲུང་བརྩི་བྱ་དགོས། ཟེར་བའི་དེང་སྐབས་བོད་ནང་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱི་ལས་འགུལ་ལ་མུ་མཐུད་དྲག་གནོན་བྱ་རྒྱུའི་སྐོར་གྱི་དོན་ཚན་བཅུ་གཅིག་བྱས་པ་ཞིག་བཀོད་འདུག
དོན་ཚན་༡༡ཅན་གྱི་ཡིག་ཆ་དེའི་ནང་།    མི་གཞན་ལ་རང་སྲེག་བྱ་རྒྱུའི་ཇུས་འགོད་དང་། ངན་སློབ།  བཙན་སྐུལ་བཅས་བྱེད་པ་ནི་མི་གསོད་ཀྱི་ནག་ཉེས་བསགས་པ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།  དེ་བཞིན་རང་སྲེག་ལ་ཁ་བཏགས་ནས་མི་རུབ་རྙོག་བཟོ་བྱེད་པ་དང་མི་དམངས་ཉེན་རྟོག་པའི་སྲོག་སྐྱོབ་བྱ་སྤྱོད་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་བྱ་སྤྱོད་ནི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཉེས་པ་བསགས་པ་ཞིག་ཡིན་ལུགས་བཀོད་ཡོད་པས་མ་ཚད། མི་མང་འཛོམས་སར་རང་སྲེག་བྱེད་པ་ནི་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་པ་བསགས་པ་ཞིག་ཡིན། ཟེར་བ་སོགས་བཀོད་ནས་དྲག་གནོན་མུ་མཐུད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎