ཨ་རྒྱ་ཁ་གཏད་མ་ཡིན་པར་མཉམ་འབྲེལ་བྱེད་།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་མི་རི་ཀ་དང་རྒྱ་ནག་རྒྱལ་ཁབ་གཉིས་ཁ་གཏད་ལྟབུ་མ་ཡིན་པར་མཉམ་འབྲེལ་གྱི་ཐོག་ནས་ལས་དོན་སྤེལ་རྒྱུའི་མདུན་པ་ཡོད་ལུགས་གསུངས་ཡོད་འདུག

2012.07.12

རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལན་ཏོན་མཆོག་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ ཇེ་ཆེ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ལྕམ་ཁི་ལན་དྲན་མཆོག་གིས། ང་ཚོ་ཐུན་མོང་གི་ཐོག་ནས་ལས་དོན་སྤེལ་ཐུབ་པ་དཔེར་ན། ནད་གཞི་སྔོན་འགོག་དང་། ཛ་དྲག་གི་བྱུང་བའི་གནོད་ཚེ་སོགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལས་དོན་རིགས་མཉམ་སྦྲེལ་གྱི་ཐོག་ནས་སྤེལ་ཐུབ་ཀྱི་རེད་ལ་དེ་ནི་ང་ཚོ་རྒྱལ་ཁབ་གཉིས་ཁོ་ན་མ་ཡིན་པར་ཨེ་ཤ་ཡ་ཁྱོན་ཡོངས་སུ་ཕན་ཐོག་ཡོད་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད་འདུག དེ་དང་ཕྱོགས་མཚུངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་། ལོ་འདིའི་ནང་རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་བཟང་དུ་ཕྱིན་ཡོད་རེད་ལ་ཕན་ཚུན་གྲོས་མོལ་བྱེད་པ་བརྒྱུད་ཟུང་སྦྲེལ་གྱི་ལས་དོན་རིགས་གཉིས་ཕན་ཆེད་སྤེལ་ཐབས་བྱེད་རྒྱུ་ཡིན་པ་བརྗོད་འདུག
ད་ཐེངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ནས་འབྲེལ་ལམ་ཡག་པོ་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་ཨ་རིའི་ཕྱི་སྲིད་ཀྱི་སྲིད་བྱུས་དེས་ཨ་རིའི་ཕྱོགས་ནས་ཨེ་ཤ་ཡའི་ནང་། ནུས་པ་ཆེ་ཙམ་བཏོན་ནས་རྒྱ་ནག་གི་ནུས་ཤུགས་བཅོག་ཐབས་བྱེད་རྒྱུའི་རྒྱ་ནག་ལ་ཉེན་ཁ་ཞིག་མཐོང་གི་ཡོད་པ་མ་ཟད་ལོ་འདིའི་ལོ་མཇུག་ཏུ་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་འགྲོ་བའི་དུས་ཚོད་འདིར་རྣམ་དཱོགས་དེ་བས་ཆེ་རུ་འགྲོ་ཉེན་ཡོད་ལུགས་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད། ཡང་དཔྱད་ཞིབ་བྱེད་མཁན་ཁག་ཅིག་གིས། ཨ་རིའི་ངོས་ནས་འབྲེལ་བ་ཡག་པོ་ཡོད་པའི་ཉི་ཧོང་དང་ཕི་ལི་པིན་། ཝེཏ་ནམ་སོགས་ནས་རྒྱབ་སྐྱོར་ཐོབ་ཐབས་ཀྱང་གནང་གི་ཡོད་པ་དེའི་རྒྱུ་མཚན་ནི་རྒྱལ་ཁབ་དེ་དག་མཉམ་རྒྱ་ནག་ནས་ཉེ་ཆར་ནས་བཟུང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་རྙོག་ཁྲ་བྱུང་ཡོད་པའི་རྐྱེན་གྱིས་ཡིན་པ་རེད། གོང་ཞུས་མཚོ་གླིང་དེའི་ཐོག་རྒྱ་ནག་གི་གཙོས་རྒྱལ་ཁབ་མང་པོ་ཞིག་གི་བདག་དབང་ཡོད་ཚུལ་བཤད་ནས་རྩོད་གཞི་ཆེན་པོ་ཡོད་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎