སི་དྲི་ནིར་༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན།
2011.05.29
༄༅༎བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་སྤྱི་ཟླ་༦་ཚེས་༩་ནས་༢༠་ བར་ཨོ་སེ་ཁྲོལ་ལེ་ཡའི་གྲོང་ཁྱེར་སི་ཌནཱིའི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུ་ཡིན་པ་དང་དེ་སྐབས་དེ་གའི་ཀ་སི་ཀྲམ་ཧའོ་སེ་(Custom House)ཞེས་པའི་དཔར་པ་དྲེ་ལྦིདྲ་རོ་སྦཏ་སི་(David Roberts)གིས་༸གོང་ས་མཆོག་དེ་སྔོན་སྤྱི་ལོ་༢༠༠༧ལོར་ཨོ་སེ་ཁྲོལ་ལེ་ཡའི་ནང་ཞབས་སོར་བཀྲིན་འཁོད་སྐབས་སྒྲོན་པའི་སྐུ་དཔར་མང་པོ་ཡོད་པ་དེ་ཚོ་འགྲེམས་སྟོིན་ཁང་དེའི་ནང་སྒྲིགས་ཤོམས་བྱས་ཡོད་པའི་འགྲེམས་སྟོན་ཞིག་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པ་རེད།
དཔར་པ་དྲེ་ལྦིདྲ་རོ་སྦཏ་སི་ལྟ་བུས་༸གོང་ས་མཆོག་ནི་འཛམ་གླིང་ནང་ཞི་བདེ་བསྐྲུན་གནང་མཁན་གྱི་གང་ཟག་སྐྱེ་བོ་ཤིན་ཏུ་ཁྱད་དཔགས་ཅན་ཞིག་ཡིན་པར་གུས་བརྩི་ཤིན་ཏུ་ཆེན་པོ་ཞུ་བཞིན་ཡོད་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ཡོད་སའི་འགྲེམས་སྟོན་ཁང་དེའི་ནང་སྐུ་བཞུགས་གནང་རྒྱུའི་མཇལ་སྣང་གི་སྦྱིན་རླབས་ཤིག་ཞུ་རྒྱུའི་གོ་སྒྲིག་གནང་གི་ཡོད་པའི་གནས་ཚུལ་འཁོད་བཞག།