བོད་འབའ་ཐང་དུ་བོད་མི་ཞིག་འཛིན་བཟུང༌།

༢༠༠༨ལོར་འབར་རྗས་གཡུག་པའི་ཉེས་མིང་འོག་རྒྱ་མིའི་ཉེན་རྟོག་པས་ལི་ཐང་རྨ་བྱ་ཐང་ནས་རྡོ་དཀར་ལགས་འཛིན་བཟུང་བྱས་འདུག

2011.04.04

༄༅༎༢༠༠༨ལོར་འབའ་ཐང་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་ཐོག་འབར་རྗས་གཡུག་པའི་ཉེས་མིང་འོག་རྒྱ་མིའི་ཉེན་རྟོག་པས། ལི་ཐང་རྨ་བྱ་ཐང་ནས་རྡོ་དཀར་ལགས་འཛིན་བཟུང་བྱས་འདུག།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནང་གི་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༠༨ལོར་མདོ་ཁམས་འབའ་ཐང་རྫོང་སྒང་རི་ལུང་པའི་རི་འགོར་བོད་རང་བཙན་གྱི་སྦྱར་ཡིག་ཕྲེད་དར་བོད་ཡིག་དང་རྒྱ་ཡིག་གཉིས་ཐོག་བཙུགས་མཁན་དང༌། འབའ་ཐང་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་ལ་འབར་རྫས་གཡུགས་པའི་ཉེས་མིང་འོག་ ད་བར་སྒར་རི་ལུང་པའི་རི་འགོ་དང་ནགས་གསེབ་ཁྲོད་གབ་ཡིབ་བྱེད་བཞིན་པའི་ན་གཞོན་རྡོ་དཀར་ལགས་ཉེ་དུས་ཕྱི་ཟླ་༣ཚེས་༢༢ཉིན་རྒྱ་མིའི་ཉེན་རྟོག་པས་ལི་ཐང་རྨ་བྱ་ཐང་ནས་འཛིན་བཟུང་བྱས་ཏེ། འབའ་ཐང་རྫོང་ལ་རྩིས་སྤྲོད་བྱས་འདུག།

རྡོ་དཀར་ལགས་ནི་ཕ་ཨ་སྒོ་ཚེ་རིང་དང་མ་ཨ་སྐལ་གཉིས་ཀྱི་བུ་ཡིན་པ་དང༌། རང་ལོ་༢༦ལ་སླེབས་ཡོད་པ་རེད། ཆུང་དུས་ཕ་མ་གཉིས་བཟའ་ཚང་ཁ་གྱེས་པའི་རྐྱེན་གྱིས་། མས་རྒྱ་ནག་ཏུ་འཁྲིད་དེ་རྒྱ་ཡིག་སློབ་སྦྱོང་བྱེད་མྱོང་ཡོད་པ་རེད།

༢༠༠༨ལོར་སྒང་རི་ལུང་པར་བོད་རང་བཙན་གྱི་སྦྱར་ཡིག་བོད་རྒྱ་གཉིས་ཐོག་བསྒྲེངས་པའི་དོན་རྐྱེན་དང༌། ཕྱིས་སུ་འབའ་ཐང་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་ཐོག་འབར་རྫས་གཡུགས་པའི་ནག་ཉེས་གཙུགས་ཏེ། རྒྱ་གཞུང་གིས་རྡོ་དཀར་འཛིན་བཟུང་གྱི་བཀའ་རྒྱ་ཕྱོགས་ཡོངས་སུ་བཀྲམས་ཡོད་པ་དང༌། ད་བར་ཁོང་གི་ཁྱིམས་ཚང་དང་གཉེན་ཉེ་ཚང་མའི་ཁྱིམ་བསྔོག་བཤེར་བྱས་པ་མ་ཟད། ནག་ཉེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་གཅིག་མཚུངས་ཡིན་པ་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎