རྒྱ་གཞུང་གིས་བོད་པའི་བེུད་ཅིག་ཞིག་ལ་བཙོན་འཇུག་ཉེས་ཆད།

བོད་ཀྱི་ནག་ཆུ་ས་གནས་ཀྱི་བེུད་དགེ་རྒན་ལྷ་མོ་སྐྱབས་ལགས་སུ་རྒྱ་ནག་གཞུང་གིས་མི་ལོ་༡༥བཙོན་འཇུག་ཉེས་ཆད་བཏང་བའི་གནས་ཚུལ།

2010.05.14

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ནག་ཆུ་ས་གནས་ཀྱི་བེུད་དགེ་རྒན་ལྷ་མོ་སྐྱབས་ལགས་སུ་རྒྱ་ནག་གཞུང་གིས་སྲིད་དོན་གྱི་ལས་འགུལ་སྤེལ་མཁན་གྱི་ཉེས་དམིགས་བཙུགས་ཏེ་མི་ལོ་༡༥ བཙོན་འཇུག་ཉེས་ཆད་བཏང་བའི་གནས་ཚུལ་བཀོད་ཡོད་པ་རེད།

ལྷ་མོ་སྐྱབས་ལགས་ནི་བོད་ཀྱི་ནག་ཆུ་ས་གནས་ཀྱི་སློབ་ཆུང་སློབ་གྲའི་དགེ་རྒན་ནས་རྒན་ཡོལ་དུ་ཕེབས་ཟིན་པ་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་དམིགས་བཙུགས་ཏེ་དགོང་དྲོ་ཞིག་བློ་བུར་དུ་ཁོང་སྒེར་གྱི་དང་བླངས་ཀྱིས་སློབ་ཁྲིད་བྱེད་ཡུལ་ནག་ཆུ་ས་གནས་ཀྱི་འབྲི་རུ་རྫོང་ཤག་ཆུ་ཁའི་འབྲོག་གསར་སྒེར་པའི་སློབ་གྲྭ་དེར་རྒྱ་ནག་གཞུང་གི་གསང་བའི་ལས་བྱེད་པ་ཡོང་སྟེ་བཙན་ཁྲིད་བྱས་ཡོད་པ་དང༌། དེ་ནས་ཐད་ཀར་ཁོང་གི་ཁྱིམ་ཚང་དུ་ཁྲིད་དེ་ཁང་པ་བསྔོག་བཤེར་བྱས་པ་མ་ཟད། ཁོང་གི་སྤུན་མཆེད་བུ་མོ་གཉིས་ལ་གནས་ཚུལ་གང་ཡིན་གསལ་བཤད་མ་བྱས་པར་ལྷ་ས་གྲོང་ཁྱེར་ནང་གི་གསང་ཡིབ་ཏུ་ཡོད་པའི་གསང་བའི་དོ་དམ་ལྟ་སྲུང་ཁང་དུ་བཀག་ཉར་འདྲི་རྩད་བྱས་ཡོད་པ་རེད། ལོ་གཉིས་ཙམ་བཀག་ཉར་ཁང་དེའི་ནང་དུ་དོ་དམ་བྱས་ཏེ་འདྲི་རྩད་བྱས་པའི་རྗེས། འདི་ལོའི་ཕྱི་ཟླ་དང་པོའི་འགོ་སྟོད་དུ་མི་ལོ་༡༥བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་ཀྱང་ཁོང་ད་ལྟའི་འཆར་བཙོན་ཁང་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད། ལྷ་མོ་སྐྱབས་ལགས་ཀྱི་ཁྱིམ་ཚང་ནི་ནག་ཆུ་ས་གནས་ཀྱི་སྙན་པ་ཚང་གི་བོུ་ཡིན་པ་དང་ཕའི་མཚན་ལ་དོན་གྲུབ་ཞུ་བ་དང༌། ཆུང་དུས་ནག་ཆུ་ས་གནས་ཀྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་སྦྱོང་ཐོན་པའི་རྗེས་ནག་ཆུ་དགེ་འོས་སློབ་གྲྭ་ནས་སློབ་སྦྱོང་མཐར་སོན་བྱུང་སྟེ་ཕྱི་ལོ་༡༩༨༢ནས་ནག་ཆུ་ས་ཁུལ་གྱི་སློབ་ཆུང་དང་པོའི་དགེ་རྒན་མི་ལོ་༢༥རིང་གནང་བ་དང༌། ཕྱི་ལོ་༢༠༠༧ལོར་དགེ་རྒན་གྱི་ལས་གནས་ནས་རྒན་ཡོལ་དུ་ཕེབས་པ་ཞིག་ཡིན་ནའང་ནག་ཆུ་ས་ཁུལ་གྱི་སློབ་གསོ་ཅུས་དང་ས་ཁུལ་ཡོངས་ཀྱིས་བློ་འདྲི་ཞུ་ཡུལ་གྱི་གལ་ཆེའི་མི་སྣ་ཞིག་ཡིན་པ་མ་ཟད། ཁོང་གིས་སློབ་ཕྲུག་གི་ཤེས་ཡོན་ཐོག་ལ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་འཁུར་བཞེས་མཁན་ཞིག་དང༌། བོད་མིའི་ཐོུང་མ་ཡིན་པའི་རིག་གཞུང་དང་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐོག་ལ་ཐུགས་འཁུར་ཆེན་པོ་བཞེས་མཁན་ཞིག་ཡིན་པ་བརྟེན་ནས་ནག་ཆུ་ས་གནས་ཀྱི་སློབ་ཕྲུག་དང་ལས་བྱེད་གཙོས་པའི་མི་དམངས་ཀྱིས་ཆེ་མཐོང་དང་བརྩི་བཀུར་ཞུ་ཡུལ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎