བོད་པའི་བུ་མོོ་ཞིག་རྒྱ་་དམག་གིས་མེ་མདའ་བརྒྱབ་སྟེ་བསད་པ།

འདི་ལོ་ཕྱི་ཟླ་༥པའི་ཚེས་༢༠ཉིན་རྒྱལ་ས་ལྷ་སའི་ནང་བོད་རིགས་བུ་མོ་ཞིག་རྒྱ་ནག་གཞུང་གི་དམག་མིས་རྒྱབ་ནས་སྒྲ་མེད་མེ་མདའ་བརྒྱབ་སྟེ་བསད་ཡོད་འདུག

2008.06.14

༄༅༎འདི་ལོ་ཕྱི་ཟླ་༥ པའི་ཚེས་༢༠ ཉིན་རྒྱལ་ས་ལྷ་སའི་ནང་བོད་རིགས་བུ་མོ་ཞིག་རྒྱ་ནག་གཞུང་གི་དམག་མིས་རྒྱབ་ནས་སྒྲ་མེད་མེ་མདའ་བརྒྱབ་སྟེ་བསད་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་སྤེལ་འདུག

གྲོང་གསེབ་ཀྱི་བུ་མོ་ཕྱུ་བ་གྱོན་ཞིང་མགོ་རས་དཀྲིས་པ་ཞིག་གཙུག་ལག་ཁང་གི་ནང་རང་གི་སྤུན་མཆེས་གྲ་པ་ཞིག་ཐུག་འཕྲད་ཆེད་བསྐྱོད་སྐབས་ གཙུག་ལག་ཁང་གི་ཤིང་རའི་སྒོ་འགྲུམ་དུ་དམག་མིས་བཀག་ཡོད་པ་རེད་ བུ་མོ་དེ་དང་དམག་མིས་བར་ཕྲན་བུ་ཤོད་རེས་བྱུང་རྗེས་དམག་མིས་རྒྱབ་ཕྱོགས་ནས་སྒྲ་མེད་མེ་མདའ་བརྒྱབ་སྟེ་བུ་མོ་དེ་ས་ལ་གྱལ་འདུག་

ཉེ་འཁོར་མི་འགའ་ཤིག་གིས་བུ་མོ་དེ་རྨས་ཏེ་བྲང་ཁོག་ནས་ཁྲག་ཐོན་པ་མཐོང་སྐབས་དོ་སྣང་བྱས་ཀྱང་དམག་མིས་མེ་མདའ་བསྟན་ནས་མི་དེ་དག་ཁ་ཐོར་བཏང་བའི་རྗེས་སུ་བུ་མོ་དེའི་ཕུང་པོ་དམག་མིས་འཁྱེར་ཕྱིན་འདུག བུ་མོ་དེའི་སྐྱེས་ཡུལ་ལྷོ་ཁ་ནས་ཡིན་ལུགས་ཙམ་ལས་དེ་མིན་གྱི་གནས་ཚུལ་ད་ལྟ་ཤེས་རྟོགས་མེད་ལུགས་བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག དེང་ཁམས་དཀར་མཛེས་ཁུལ་དང་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་རེད་ ཡང་སྟོད་མངའ་རིས་ཁུལ་དུ་ཡང་རྒྱ་ནག་གཞུང་གིས་བོད་རིགས་ཚོར་དམིགས་བསལ་དམ་བསྒྲགས་ཅི་ཆེ་བྱེད་བཞིན་པའི་གནས་ཚུལ་འདི་ནས་ཤེས་རྟོགས་ཐུབ་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎