ཁྲག་ཡིག་རྩོམ་པ་པོ་ད་དུའང་གར་ཡོད་ཤེས་རྟོགས་བྱུང་མེད་པ།

བོད་ཀྱི་ཨ་མདོ་རྔ་པ་ནས་ཡིན་པའི་བོད་རིགས་ན་གཞོན་རྩོམ་བྲིས་པ་བཀྲིས་རབ་བརྟན་མུ་མཐུད་ནས་གར་སོང་ཆ་མེད་དུ་གནས་བཞིན་ཡོད་པ།

2009.08.03

༄༅༎བོད་ཀྱི་ཨ་མདོ་རྔ་པ་ནས་ཡིན་པའི་བོད་རིགས་ན་གཞོན་རྩོམ་བྲིས་པ་བཀྲིས་རབ་བརྟན་མུ་མཐུད་ནས་གར་སོང་ཆ་མེད་དུ་གནས་བཞིན་པའི་གནས་ཚུལ་ཐོན་འདུག

ང་ཚོས་གསར་འགོད་པས་མུ་མཐུད་ནས་གནས་ཚུལ་བཏང་འབྱོར་བྱུང་དོན་ལྟར་ན་ཨ་མདོ་རྔ་པའི་མཛོ་སྒེ་ཐོང་སྒོ་ས་གནས་ནས་ཡིན་པའི་བོད་རིགས་ན་གཞོན་བཀྲིས་རབ་བརྟན་དང་མིང་ངན་དུ་ཐེབ་རང་ཞུས་པ་ཟླ་བ་སྔོན་མའི་ཚེས་བཅུ་བདུན་ཉིན་ཁོང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོ་ནས་དབྱར་ཀའི་གུང་སེང་དུ་ཐོང་སྒོ་རུ་འབྱོར་ཡོད་ཅིང་དེ་ནས་ཉིན་གྲངས་བཞི་ནས་ལྔ་ཙམ་རིང་སོ་སོའི་ནང་དུ་བཞུགས་པའི་སྐབས་སུ་བློ་བུར་དུ་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་དེའི་རྗེས་ཁ་དཔར་གཅིག་འབྱོར་བའི་ནང་ཁོང་ལ་འབྲེལ་བྱེད་ཐུབ་ཀྱི་མེད་པའི་སྐོར་མ་གཏོགས་གཞན་ཞིབ་ཕྲའི་གནས་ཚུལ་གང་ཡང་གསུངས་མི་འདུག

རྒྱ་གར་དུ་བཞུགས་མཁན་ཨ་མདོ་མཛོ་སྒང་ནས་ཡིན་པའི་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་དོན་ལ་ས་གནས་བོད་མི་དང་ཁོང་གི་ནང་མི་རྣམས་ཀྱིས་རྒྱ་ནག་གིས་བཙན་འཁྲིད་བྱས་པ་ངོས་འཛིན་གནང་བཞིན་པ་དང་ཚོད་དཔགས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཁོང་གིས་ཤར་དུང་རི་དཀར་པོ་ཞུས་པའི་དུས་དེབ་དང་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་དང་རྒྱ་ནག་གི་དྲག་གནོན་གཉའ་གནོན་བཏང་བའི་གནད་དོན་མང་པོ་བྲིས་ཡོད་པ་དང་ལྷག་དོན་དུ་ཁྲག་ཡིག་ཞུས་པའི་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མིའི་ཞི་བའི་ངོ་རྒོལ་དང་དེ་ཐོག་རྒྱ་ནག་གིས་དྲག་གནོན་དང་གཉའ་གནོན་སོགས་ཀྱི་བྱ་སྤྱོད་སྐོར་ཁྲག་ཡིག་ཞུས་པའི་ཕྱག་དེབ་ཅིག་བྲིས་ཡོད་པ་དང་ཕྱག་དེབ་དེའི་ནང་རྒྱ་ནག་གི་གནོན་ཤུགས་དང་དྲག་གནོན་དང་རྡུང་བརྡེག་གི་གནས་ཚུལ་རྣམས་བཀོད་ཡོད་པ་དང་ཁོང་གི་ཁྲག་ཡིག་ངོ་བཤུས་སྟོང་ཕྲག་གཅིག་ཀྱང་དཔར་འགྲེམས་བྱས་པའི་ནང་རྒྱ་ནག་གི་གནོན་ཤུགས་འོག་ངོ་བཤུས་བཞི་བརྒྱ་ལྷག་ཙམ་མ་གཏོགས་འགྲེམས་གནང་དུ་བཅུག་མེད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎