བོད་མི་ཆིག་སྟོང་ལྷག་ན་ནིང་གི་ངོ་རྒོལ་རྗེས་གར་སོང་ཆ་མེད།

སྔ་ལོ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་མི་ཆིག་སྟོང་ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ།

2009.03.09

༄༅༎ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ཁར་ད་དུང་ཡང་བོད་མི་༡༢༠༠ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པའི་སྙན་ཐོའི་ནང་འཁོད་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་དུ་བཏོན་པའི་སྙན་ཐོ་དེའི་ནང་རྒྱ་ནག་བདེ་འཇགས་མི་སྣས་ན་ནིང་གི་བོད་མིའི་ངོ་རྒོལ་སྐབས་བོད་མི་སྟོང་ཕྲག་ཁ་ཤས་འཛིན་བཟུང་བྱས་ཡོད་པ་དང་འཛིན་བཟུང་བྱས་པའི་ནང་ཁག་ཅིག་ལ་བཙོན་འཇུག་གི་ཉེས་ཆད་བཅད་ཡོད་ཅིང་ད་དུང་མང་པོ་ཞིག་ཤི་སོན་ཤེས་རྟོགས་མེད་པའི་གནས་སུ་གྱར་མུས་ཡིན་པ་དང་འཛིན་བཟུང་བཙོན་འཇུག་དོ་དམ་བྱས་པ་ཚོར་རྒྱ་ནག་ཉེན་རྟོག་པས་ལག་ཆ་སྣ་ཚོགས་བེད་སྤྱད་ནས་ཉེས་རྡུང་མནར་གཅོད་ཚོད་མེད་གཏང་གི་ཡོད་པ་དང་མི་མང་པོ་ཞིག་བཙོན་ཁང་ནང་ཕྱིར་ལོག་ཐུབ་པ་བྱུང་ན་ཡང་བཙོན་ཁང་ནང་ཉེས་རྡུང་ཚབ་ཆེ་བཏང་བའི་རྐྱེན་གྱིས་གཟུགས་པོའི་གནས་སྟངས་དབང་པོ་སྐྱོན་ཅན་ལྟ་བུར་གྱུར་ཟིན་པའི་གནས་ཚུལ་མང་པོ་དངོས་སུ་མཐོང་རྒྱུ་ཡོད་པའི་སྐོར་བོད་ནས་མིང་འདོན་གནང་འདོད་མེད་པའི་གནས་ཚུལ་དངོས་མྱོང་མཁན་གྱིས་གསུངས་བ་ལུང་འདྲེན་བྱས་ནས་སྙན་ཐོའི་ནང་བཏོན་ཡོད་པ་རེད། སྙན་ཐོ་འདོན་སྤེལ་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀེཏ་སོན་ཌར་སི་ཡིས་གསུངས་ན་ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ནང་བོད་མི་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པའི་སྐོར་གསུངས་ཡོད་པ་རེད། གོང་ཞུས་སྙན་ཐོ་དེའི་ཐོག་འཁོད་པའི་ན་ནིང་གི་ངོ་རྒོལ་ལས་འགུལ་རྗེས་བོད་མི་༡༢༠༠ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་བའི་སྐོར་ལ་རྒྱ་ནག་ཕྱི་སྲིད་ལས་ཁང་དང་བདེ་འཇགས་སྲུང་སྐྱོབ་ལས་ཁང་གཉིས་ཀས་ད་ལྟའི་ཆར་ལན་འདེབས་གང་ཡང་བྱས་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎