འཛམ་གླིང་ནང་ཚོང་དོན་རང་དབང་ཆེ་ཤོས་ཀྱི་ཡུལ་གྲུ་ཧོང་ཀོང༌།

ཧོང་ཀོང་དེ་བཞིན་འཛམ་གླིང་ནང་ནས་ཚོང་ལས་རང་དབང་ལྡན་པའི་ཡུལ་གྲུ་ཨང་དང་པོ་དེ་ཡིན་པ་སྙན་ཐོའི་ནང་འདོན་སྤེལ་བྱས་འདུག

2011.01.12

༄༅༎ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་ཧེ་རི་ཀྲེཇ་ཐེབས་རྩས་འཛམ་གླིང་ནང་ཚོང་དོན་རང་དབང་ཤུགས་ཆེ་ཤོས་ཀྱི་ཡུལ་གྲུའི་མིང་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་ ཧོང་ཀོང་དེ་བཞིན་འཛམ་གླིང་ནང་ནས་ཚོང་ལས་རང་དབང་ལྡན་པའི་ཡུལ་གྲུ་ཨང་དང་པོ་དེ་ཡིན་པ་དང་དེ་རྗེས་སིང་ག་པོར་དང་ ཨོའོ་སེ་ཀྲོ་ལི་ཡ་ ནིའུ་ཛི་ལན་ཡིན་པའི་སྐོར་ལྦོལ་སི་ཀྲིརིཏ་ཇར་ནལ་ཞེས་པའི་གསར་ཤོག་ཐོག་དེ་རིང་གནས་ཚུལ་སྤེལ་འདུག

ཐེབས་རྩ་ཁང་དེས་འཛམ་གླིང་ནང་ནས་ཚོང་དོན་རང་དབང་ལྡན་པའི་ཡུལ་གྲུ་བཟང་ཤོས་དང་སྡུག་ཤོས་ཀྱི་མིང་ཐོ་འདོན་སྤེལ་བྱས་པའི་ནང་  གོང་ཞུས་ཧོང་ཀོང་སོགས་ཡུལ་གྲུ་བཞི་ཕུད་ དེ་མིན་སུད་ཛི་ལན་དྲི་དང་ ཁེ་ན་དྲ་ ཨ་ཡར་ལེན་དྲི་ དྲེན་མཀ་ ཨ་རི་སོགས་འཛམ་གླིང་ནས་ནས་ཚོང་དོན་རང་དབང་ལྡན་པའི་ཡུལ་གྲུ་རྩེ་གྲས་བཅུ་མིང་འདོན་བྱས་ཡོད་པ་དང་ ཚོང་དོན་རང་དབང་ཡོད་མེད་ཀྱི་འཛམ་གླིང་ཡུལ་གྲུ་༡༧༩མིང་འདོན་བྱས་པ་ནས་རྒྱ་ནག་དེ་བཞིན་ཚོང་དོན་རང་དབང་གི་རྒྱལ་ཁབ་མིང་འདོན་བྱས་པའི་ཨང་༡༣༥པ་དེ་ཡིན་ཞིང་ ཚོང་དོན་རང་དབང་རྩ་བ་ནས་མེད་པའི་རྒྱལ་ཁབ་ཁིའུ་སྦ་དང་ཛིམ་སྦབ་ལྦེ་ བྱང་ཀོ་རི་ཡ་བཅས་ཡིན་པ་མིང་འདོན་བྱས་ཡོད་པ་རེད་ ཐེབས་རྩ་ཁང་དེས་ཞིབ་འཇུག་བྱས་པའི་ནང་འཛམ་གླིང་ཁྱོན་ཡོངས་སུ་ཚོང་དོན་རང་དབང་གི་གནས་སྟངས་ན་ནིང་ལས་ཡར་རྒྱས་ཕྱིན་ཡོད་པ་དང་ ལྷག་པར་དུ་ཨ་ཕེ་རི་ཀའི་ཡུལ་ཁག་གི་ཚོང་དོན་རང་དབང་གནས་སྟངས་བཟང་ཕྱོགས་སུ་བསྐྱོད་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎