རྫ་ཆུའི་རྒྱུགས་ཡུལ་དུ་ཆུ་མཛོད་བསྐྲུན་རྒྱུར་བཀག་འགོག།

ཐའེ་ལེནདྲ་དང་ལའོ་སེ་གཞུང་གཉིས་ཀྱི་རྫ་ཆུའི་ཐོག་ཆུ་མཛོད་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་དེར་བཀག་འགོག་བྱེད་ཐབས་འབད་བརྩོན།

2011.04.08

༄༅༎ཐའེ་ལེནདྲ་དང་ལའོ་སེ་གཞུང་གཉིས་པོས་རྫ་ཆུའམ་མེ་ཀོང་གཙང་ཆུའི་ཐོག་ཆུ་མཛོད་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བྱེད་པ་དེར་འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འདོན་སྤེལ་མཁན་ཚོས་འཆར་གཞི་དེ་ལག་ལེན་དུ་མི་འཁྱོལ་བའི་བཀག་འགོག་བྱེད་ཐབས་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

དེ་ཡང་ལའོ་སེ་གཞུང་གིས་མེ་ཀོང་གཙང་ཆུའི་ཐོག་ཨ་རིའི་ཌོ་ལར་ས་ཡ་གསུམ་དང་གྲངས་ཆུང་ལྔ་ཐོབ་པའི་ཤ་ཡ་སྦུ་རི་ཆུ་མཛོད་ཞིག་འཛུགས་སྐྲུན་བྱ་རྒྱུ་དང༌། དེའི་གློག་ཤུགས་ཀྱི་ནུས་པ་ཐའེ་ལེནདྲ་གཞུང་ལ་ཚོང་འགྲེམས་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཁ་སྔོན་ཕྱི་ཟླ་གཉིས་པའི་ནང་ལའོ་སེ་གཞུང་གིས། ཤ་ཡ་སྦུ་རི་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེ་ནི། མེ་ཀོང་གཙང་ཆུའི་ཐོག་གི་འཁོར་ཡུག་སྲུང་སྐྱོབ་དང་ལྡན་པའི་ཆུ་མཛོད་ཐོག་མར་ཡིན་པ་དང༌། དེ་ཡིས་མེ་ཀོང་གཙང་ཆུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡང་ཐེབས་རྒྱུ་མིན་ལུགས་བཤད་པ་དང༌། རིང་མིན་ཕྱི་ཟླ་བཞི་པའི་ཚེས༡༩ཉིན་ལའོ་སེ་ཡི་རྒྱལ་སར་ལའོ་སེ་དང་ཐའེ་ལེནདྲ་ ལྦིཏ་ནམ་ ཀེམ་སྦོ་དྲི་ཡ་བཅས་ལྷན་འཛོམས་སྐབས་མཐའ་མའི་ཐག་གཅོད་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད། འོན་ཀྱང་ལའོ་སེ་དང་ཐའེ་ལེནདྲ་རྒྱལ་ཁབ་དེ་གཉིས་ཀྱི་གྲོང་གསེབ་པ་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འདོན་སྤེལ་མཁན། ལྦིཏ་ནམ་གྱི་གསར་འགྱུར་བརྒྱུད་ལམ་ཁག་བཅས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། ཐའེ་ལེནདྲ་ཡི་མེ་ཀོང་གཙང་ཆུའི་རྒྱུད་དུ་ཆགས་པའི་ས་གནས་ཤིག་གི་འགོ་ཁྲིད་ནས། མེ་ཀོང་གཙང་ཆུ་སྐྱོན་ཆ་མེད་པར་གནས་རྒྱུ་ནི་ཁོང་ཚོའི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད་པ་དང༌། གཙང་ཆུའི་ཐོག་ཆུ་མཛོད་རྒྱབ་རྒྱུ་ནི། མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་རྒྱུའི་བློ་འཚབ་ཆེན་པོ་ཡོད་ཅེས་དང༌། ད་དུང་རྒྱ་ནག་གཞུང་གིས་མེ་ཀོང་གཙང་ཆུའི་སྟོད་དུ་ཆུ་མཛོད་རྒྱབ་པའི་རྐྱེན་གྱིས་ས་གནས་མི་དམངས་ལ་དཀའ་ངལ་འཕྲད་བཞིན་ཡོད་མུས་ཐོག་ད་དུང་ཤ་ཡ་སྦུ་རི་ཆུ་མཛོད་དེ་ཡིས་མི་དམངས་ལ་དཀའ་ངལ་སྣོན་མ་བཟོ་རྒྱུ་ཡིན་པ་གསུང་ཡོད་པ་རེད། འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ནས། ཆུ་མཛོད་གསར་པ་འཛུགས་སྐྲུན་བྱེད་པ་དེ་ཡིས། མེ་ཀོང་གཙང་ཆུའི་ནང་གནས་པའི་ཉ་རྣམས་ལ་བརྡབ་གསིག་ཆེན་པོ་བཟོ་རྒྱུ་དང༌། ཁོར་ཡུག་ལ་གནོད་འཚེ་འགྲོ་རྒྱུ་ཡིན་པའི་ཁར་དེའི་ཁུལ་དུ་གནས་པའི་མི་དམངས་ཀྱི་འཚོ་གནས་ལ་གནོད་འཚེ་དང་དཀའ་ངལ་བཟོ་རྒྱུ་ཡིན་པ་སྐྱོན་བརྗོད་བྱེད་པ་མ་ཟད།ཁ་སྔོན་ཕྱི་ཟླ་གསུམ་པའི་ནང༌འཛམ་གླིང་གི་རྒྱལ་ཁབ་ཁག་༥༡ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་༢༦༣གྱིས་ལའོ་སེ་དང་ཐའེ་ལེནདྲ་གཞུང་གི་ལས་དོན་འཆར་གཞི་དེ་ཕྱིར་འཐེན་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གྱི་ཡིག་གེ་ཕུལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎