ཨོ་ལིམ་པིག་རྩེད་འགྲན་གྱི་སྦྱིན་བདག་གི་བསམ་ཚུལ།
2008.06.19
༄༅༎ཨོ་ལིམ་པིག་གི་རྩེད་འགྲན་གྱི་སྦྱིན་བདག་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགན་འཁུར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་ནི་འཛམ་གླིང་རྒྱལ་ཁབ་གང་འདྲ་ཞིག་གི་ནང་དུའང་འཐབ་རྩོད་ཡོད་སྟབས་དེ་ཚོའི་འགན་འཁུར་ཆ་ཚང་ང་ཚོས་འཁྱེར་དགོས་ཡས་ཀྱི་རྒྱུ་མཚན་ཆགས་ཀྱི་མི་འདུག་ཅེས་ཨ་ཌི་ཌ་སེ་ཞེས་པའི་ཚོང་ལས་ཚན་པའི་འགན་འཛིན་ཡིས་དེ་རིང་རེས་གཟའ་ཕུར་བུའི་ཉིན་གསལ་སྟོན་གནང་བཞག
ཡང་ཨ་ཌི་ཌ་སེ་ཚོང་ལས་ཚན་པའི་འགན་འཛིན་ཡིས་མུ་མཐུད་གསུང་ན་ ང་ཚོ་སྦྱིན་བདག་ཚོས་ཡར་ལངས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ཡིན་ན་དེའི་རྗེས་སུ་ང་ཚོ་བསྐྱར་དུ་ཡར་ལངས་ནས་ཨ་རིའི་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་རྒྱུ་སོགས་ཀྱི་ལས་དོན་སྤེལ་རྒྱུ་སོགས་པ་མུ་མཐུད་ནས་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད་
དེར་བརྟེན་ངའི་བསམ་པར་དེ་ནི་རྩེད་འགྲན་སྦྱིན་བདག་བྱེད་མཁན་གྱི་ལས་འགན་ཞིག་རེད་བསམ་གྱི་མི་འདུག་ཅེས་གོང་ཞུས་ཚན་པའི་འགན་འཛིན་ཡིས་ནོར་སྲིད་དཔལ་འབྱོར་དུས་དེབ་ཅེས་པར་གསལ་སྟོན་གནང་འདུག
ཧར་སྦར་ཧེ་ནར་ཞུ་བ་ནི་འཛམ་གླིང་ནང་ནས་རྩེད་མོའི་ཚན་པ་ཆེ་ཤོས་ནས་ཨང་གཉིས་པ་དེ་ཡིན་པ་དང་འདི་ལོ་དབྱར་དུས་སུ་ཚོགས་རྒྱུའི་པེ་ཅིང་ཨོ་ལིམ་པིག་གི་ཨོ་ལིམ་པིག་གི་རྩེད་འགྲན་གྱི་སྦྱིན་བདག་ཡང་ཡིན་པ་རེད་