ཁྲེན་ཏུ་ནས་སྦེང་ལཱོར་བར་ཐད་ཀར་གནམ་གྲུ་འགོ་འཛུགས།

རྒྱ་ནག་ལྷོ་ནུབ་ཀྱི་གྲོང་ཁྱེར་ཁྲེན་ཏུ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྦེང་ལཱོར་བར་ཐད་ཀར་མཁའ་ལམ་འགྲིམས་འགྲུལ་འགོ་འཛུགས་བྱེད་རྒྱུ།

2009.12.06

༄༅༎རྒྱ་ནག་གི་མཁའ་ལམ་འགྲིམས་འགྲུལ་ལས་ཁང་ཨེའར་ཅའེ་ཎ་ཞེས་པས་རྒྱ་ནག་ལྷོ་ནུབ་ཀྱི་གྲོང་ཁྱེར་ཁྲེན་ཏུ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྦེང་ལཱོར་བར་ཐད་ཀར་མཁའ་ལམ་འགྲིམས་འགྲུལ་འགོ་འཛུགས་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག༎

རྒྱ་ནག་གི་གཞུང་འབྲེལ་ཤིང་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏུ་ནས་རྒྱ་གར་གྱི་ཚོང་འབྲེལ་གྱི་ལྟེ་གནས་སྦེང་ལཱོར་བར་ཐད་ཀར་མཁའ་ལམ་གྱི་འགྲིམས་འགྲུལ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཙམ་ལ་འགོ་འཛུགས་གནང་རྒྱུ་ཡིན་པ་དང་གནམ་གྲུ་ཨེ་༣༡༩འམ་བྭོའིང་༧༥༧་རྟགས་ཅན་རེས་གཟའ་ལྷག་པ་དང་སྤེན་པ་གཉིས་ལ་ཁྲེན་ཏུ་ནས་ཕྱི་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཐོན་ནས་སྦེང་ལཱོར་དུ་མཚན་གྱི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུ་ཐོག་འབྱོར་གྱི་ཡོད་འདུག སྦེང་ལཱོར་ནས་ཕྱིར་ལོག་རེས་གཟའ་ཕུར་བུ་དང་ཉི་མ་ནམ་ཡིན་ལ་མཚན་དཀྱིལ་ཡོལ་ནས་སྐར་མའི་ཉི་ཤུའི་ཐོག་ལ་ཐོན་ནས་ཁྲེན་ཏུར་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་ཉི་ཤུའི་ཐོག་འབྱོར་རྒྱུ་ཡིན་འདུག སྦེང་ལཱོར་ནི་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་དེང་དུས་ཀྱི་ཚོང་རའི་ལྟེ་གནས་ཤིག་ཡིན་པར་བརྟེན་ཡུལ་གཉིས་དབར་གྱི་ཚོང་འབྲེལ་གོང་མཐོར་སྤེལ་རྒྱུའི་དམིགས་ཀྱི་ཡོད་པ་གདོན་མི་ཟ་བ་དང་སྦེང་ལཱོར་ནི་ལྷོ་ཕྱོགས་བོད་མི་གཞིས་ཆགས་དང་ཧ་ཅང་ཉེ་པོ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎